བོད་དོན་ཆེད་སྐོར་བསྐྱོད།
2010.03.18

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཡེ་ཤེས་བཀྲ་ཤིས།
༄༅༎དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ནང་བཅའ་བཞུགས་ཨ་རིའི་མེ་སེར་ཡིན་པའི་བོད་རིགས་ལྷག་པ་ཚེ་རིང་གིས་ནིའུ་ཡོརྐ་ནས་གསུམ་བཅུའི་དུས་དྲན་ཐེངས་ང་གཅིག་པའི་ཉིན་འགོ་བཙུགས་ཏེ་སྦག་སྦག་གཞོན་ཏེ་ཟླ་བ་བརྒྱད་རིང་འཛམ་གླིང་གི་ཡུལ་གྲུ་ཉི་ཤུ་རྩ་གཉིས་ནང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད་པའི་སྐོར་སྒྲོལ་དཀར་ལགས་ནས་ལྷག་པ་ཚེ་རིང་ལགས་སུ་གླེང་མོལ་ཞུས་པར་གསན་རོགས༎