རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་བྱེད་པའི་ལས་གཞི་ཁག་ནི་དམག་དོན་གྱི་ཆེད་དམིགས་པར་ངོས་འཛིན་གནང་གི་འདུག
2024.01.30
རྒྱ་ནག་གཞུང་གིས་བོད་ནང་དུ་དམག་དོན་གྱི་འཛུགས་སྐྲུན་རྒྱ་སྐྱེད་གཏོང་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༣༥ བར་བོད་ནང་དུ་གནམ་གྲུ་བབ་ཐང་དང་། རི་ལི་ལྕགས་ལམ། མོ་ཊའི་གཞུང་ལམ་བཅས་རྒྱ་སྐྱེད་གཏོང་རྒྱུའི་ལས་དོན་ཚགས་ཚུད་དུ་གཏོང་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ནང་འཛུགས་སྐྲུན་གྱི་ལས་གཞི་འདི་དག་གཙོ་བོ་དམག་དོན་གྱི་ཐོག་ལ་བེད་སྤྱོད་ཇི་ལྟར་གཏོང་རྒྱུར་དམིགས་ཀྱི་ཡོད་མེད་ཐད་ཉམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག