བོད་སིལ་བུར་འཐོར་བའི་རྐྱེན་རྩ་གཙོ་བོ།
བོད་བཙན་པོའི་དུས་རབས་ཀྱི་རྒྱལ་པོ་མཐའ་མ་གླང་དར་མ་འུ་དུམ་བཙན་པོ་བཀྲོངས་པ་ནི་བོད་སིལ་བུར་འཐོར་བའི་རྐྱེན་རྩ་གཙོ་བོར་གྱུར་ཡོད་ཀྱང་། བོད་ཀྱི་རྒྱལ་རབས་སིལ་བུར་འཐོར་བའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་མིན་གནད་དོན་དབྱེ་ཞིབ་པ་དང་ལོ་རྒྱུས་སྨྲ་བའི་ཁྲོད་ངོས་འཛིན་གནང་ཕྱོགས་མི་འདྲ་བ་ཡོང་གི་ཡོད་ཅིང་། ལྷག་པར་ཏུན་ཧོང་ཡིག་ཚགས་བརྙེད་སོན་བྱུང་པའི་ནང་རྒྱལ་པོ་གླང་དར་ཆོས་ལ་དད་གུས་རྩ་བ་ནས་མེད་པ་ཞིག་བསྟན་མེད་ཀྱང་། བསྟན་པ་ཕྱི་དར་གྱི་སྐབས་སུ་བྲིས་པའི་ལོ་རྒྱུས་ཁག་ཏུ་རྒྱལ་པོ་གླང་དར་ནི་དགག་རྩ་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད། དམིགས་བསལ་ཆེད་སྒྲིག་གི་ལེ་ཚན་འདིའི་ནང་། མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་ཉམས་ཞིབ་པ་ཁག་ཅིག་གི་འགྲེལ་བཤད་བསྐྱོན་ཕྱོགས་ལ་གཞིགས་ཏེ་ཕྱོགས་སྒྲིག་ཞུས་པའི་རྒྱལ་པོ་གླང་དར་སྐོར་གྱི་དམིགས་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།