ཁོར་ཡུག་སྲུང་སྐྱོབ།


2016.11.25
 ཁོར་ཡུག་སྲུང་སྐྱོབ། གནས་མཆོག་བྲག་དཀར་དགོན་པའི་ཕྱི་ནང་གཙང་སྦྲའི་བྱ་འགུལ་སྤེལ་མཁན་རྣམས།
བོད་འབྱོར།

དེ་རིང་གི༼   གངས་ལྗོངས་གླེང་སྟེགས༽   ཀྱི་སྐབས་སུ་བབ་པའི་གླེང་བྱ།  ཞིང་འབྲོག་མང་ཚོགས་དཀྱུས་མ་ཚོར། ཁོར་ཡུག་སྲུང་སྐྱོབ་ཀྱིས་མཚོན་པའི་རང་ས་རང་ཡུལ་ལ་བདག་སྐྱོང་བྱེད་རྒྱུ་བསམ་བློའི་འཆར་སྟངས་དང་། བྱ་འགུལ་དེ་རིགས་སུ་རང་འགུལ་ངང་ཞུགས་པའི་སེམས་ཚོར། དེ་མིན་གད་སྙིགས་གཙང་བཟོ་ལྟ་བུའི་བྱ་འགུལ་སྤེལ་དུས། རྒྱ་ཆེ་བའི་འབྲོག་པ་དང་ཞིང་པ་མང་ཚོགས་ལ་ཞུགས་འདོད་ཀྱི་སྤྲོ་སེམས་ཡོད་མེད། བྱ་འགུལ་དེ་རིགས་ཀྱི་འགྲོ་གྲོན་སུ་ཡིས་གཏོང་གི་ཡོད་པ་དང་། དེ་བཞིན་གད་སྙིགས་ཕོན་ཆེན་པོ་དེ་གང་ལ་འགྲོ་རུ་བཅུག་པ་ལ་སོགས་པའི་ཐད། བྱ་འགུལ་གོ་སྒྲིག་མཁན་དང་བྱེད་སྒོའི་ནང་ཞུགས་མཁན་འགར་བཅར་འདྲི་ཞུས་ཡོད།
དེ་རིང་གི་བཅར་འདྲི་ཞུ་སའི་སྐུ་མགྲོན་རྣམ་པ་ནི།
གནས་མཆོག་བྲག་དཀར་དགོན་པའི་ཕྱི་ནང་གཙང་སྦྲའི་བྱ་འགུལ་སྤེལ་མཁན་གཙོ་གྲས་སྐུ་ཞབས་སྔགས་ཤུལ་ཕུར་བུ་ལགས་དང་། དེ་བཞིན་བྱ་འགུལ་དེའི་ནང་མཁན་རྩྭ་ཐང་བུ་མོ་ལགས་དང་། མཐུན་སྒྲིལ་བ་ལགས། གངས་རིའི་སྒྲོལ་མ་ལགས་བཅས་ཡིན། ཁོང་རྣམས་པས་སྐད་འཕྲིད་བརྒྱུད་ཐེངས་འདིའི་ལེ་ཚན་ནང་མཉམ་ཞུགས་གནང་ཡོད།

 

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎