ཆབ་སྲིད་བཙོན་པ་ཚེ་བདག་མགོན་པོ་ལགས་གློད་བཀྲོལ་བཏང་ཡོད་པ།


2014.04.03
ཆབ་སྲིད་བཙོན་པ་ཚེ་བདག་མགོན་པོ་ལགས་གློད་བཀྲོལ་བཏང་ཡོད་པ། ཆབ་སྲིད་བཙོན་པ་ཚེ་བདག་མགོན་པོ་ལགས་གློད་བཀྲོལ་བཏང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཇོ་ལེབ་ཆོས་འཕེལ།
༄༅༎ ཕྱི་ལོ་༢༠༠༨ལོར་རྔ་བ་རྫོང་སེར་སྐྱ་མི་མང་གིས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཚེ་བདག་མགོན་པོ་ལགས། ཟླ་འདིའི་ཕྱི་ཚེས་༡ཉིན་གློད་བཀྲོལ་བཏང་ཡོད་པ་དང༌། ཁོང་ས་གནས་སུ་འབྱོར་སྐབས་ས་གནས་བོད་མི་ཚོས་ཁོང་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎ ༄༅༎ ཕྱི་ལོ་༢༠༠༨ལོར་རྔ་བ་རྫོང་སེར་སྐྱ་མི་མང་གིས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཚེ་བདག་མགོན་པོ་ལགས། ཟླ་འདིའི་ཕྱི་ཚེས་༡ཉིན་གློད་བཀྲོལ་བཏང་ཡོད་པ་དང༌། ཁོང་ས་གནས་སུ་འབྱོར་སྐབས་ས་གནས་བོད་མི་ཡིག་ཐོག་གསར་འགྱུར དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་༤བའི་ཚེས༡ཉིན་མདོ་སྨད་རྔ་བ་ཕྱོགས་ཀྱི་བོད་མི་ཆབ་སྲིད་བཙོན་པ་ཚེ་བདག་མགོན་པོ་ལགས་བཙོན་བཀྲོལ་ཐོབ་ནས་ཕ་ཡུལ་ཕྱོགས་སུ་འབྱོར་བ་དང་། ཉིན་དེར་ས་གནས་བོད་མི་ཚོས་སྔ་ས་ནས་གྲ་སྒྲིག་བྱས་ཏེ་གཞུང་ལམ་གཡས་གཡོན་ལ་རླངས་འཁོར་གྱི་རུ་བསྟར་བསྒྲིགས་པ་དང་། དེ་ནས་མི་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་གཞུང་ལམ་གཡས་གཡོན་ནས་ཕེབས་སྒུག་བྱས་ཏེ་ས་གནས་བོད་མི་ཚོས་ཁོང་ལ་ཁ་བཏགས་དང་གོས་ཆེན་འཐེན་ནས་ཕེབས་བསུ་རྒྱ་ཆེན་བྱས་ཡོད་པ་མ་ཟད། ད་དུང་ཁག་གཅིག་གིས་ལག་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། རྒྱ་གར་གྱི་མེས་པོ་དམ་པ་གནདྷི་མཆོག་རྣམ་གཉིས་ཀྱི་སྐུ་པར་བཟུང་ནས་རླུང་རྟ་བསྐྱོད་པ་སོགས་དགའ་བསུ་རྒྱ་ཆེན་བྱས་འདུག བཙོན་བཀྲོལ་ཐོབ་མ་ཐག་པའི་བོད་མི་ཚེ་བདག་མགོན་པོ་ལགས་ནི་དེ་སྔོན་སྤྱི་ལོ་༢༠༠༨ལོའི་ཟླ་༣ཚེས༢༢ཉིན་མདོ་སྨད་རྔ་བ་ཁུལ་རྔ་བ་རྨེའུ་རུ་མ་ཕྱོགས་ཀྱི་སེར་སྐྱ་བོད་མི་ཚོས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་སྐབས་འཇུ་བཟུང་བྱས་བ་དང་། རྗེས་སུ་༢༠༠༩ལོའི་ཟླ་༡༡ཚེས༥ཙམ་ལ་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་ནས་བོད་མིའི་ཞི་རྒོལ་སྣེ་ཁྲིད་པ་ཡིན་པའི་ཉེས་འཛུགས་བྱས་ནས་མི་ལོ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་ནས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཕྱོགས་ཀྱི་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། ཚེ་བདག་མགོན་པོ་ལགས་ནི་མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པ་ནས་ཡིན་པ་དང་། ༢༠༠༨ལོར་ས་གནས་བོད་མིའི་ཞི་བའི་ལས་འགུལ་ཁྲོད་མཉམ་ཞུགས་བྱས་རྗེས་འཛིན་བཟུང་བྱས་བ་ཡིན་པ་དང་། ༢༠༠༨ལོའི་ཟླ་༣ཚེས༡༦ཉིན་མདོ་སྨད་རྔ་བ་ཕྱོགས་ཀྱི་ས་གནས་བོད་མིས་ཞི་རྒོལ་ཐོག་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་དྲག་གནོན་བྱས་ནས་བོད་མི་༢༠ལྷག་དམར་གསོད་བཏང་ཡོད། ཀླུ་འབུམ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎