མཚོ་སྔོན་ཞིང་ཆེན་ནང་རྩྭ་དཔོན་ལམ་ལུགས་ཟེར་བའི་སྲིད་ཇུས་གཏན་འབེབས།
2020.04.14
མཚོ་སྔོན་ཞིང་ཆེན་གྱིས་ད་ལོ་ནས་ཞིང་ཆེན་ཡོངས་སུ་རྩྭ་དཔོན་ལམ་ལུགས་ཟེར་བའི་རྩྭ་ཐང་སྲུང་སྐྱོབ་དང་དོ་དམ། ཉམས་གསོ་དམིགས་ཡུལ་ལ་བཟུང་བའི་རྩྭ་ཐང་གནོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ཤིག་གཏན་འབེབས་བྱས་ནས། དེ་སྔ་ལས་ཀྱང་དམ་པའི་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ལག་ལེན་དུ་བསྟར་རྒྱུ་ཡིན་པའི་སྐོར་སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།