མཚོ་སྔོན་ཁུལ་དུ་མཐོ་འབྲིང་སློབ་གྲྭ་འགོ་བཙུགས་པ།
2020.03.19
མཚོ་སྔོན་ཁོངས་ཀྱི་མཚོ་ལྷོ་དང་རྨ་ལྷོ་སོགས་ནས་ཕྱི་ཟླ་༣ཚེས་༩ནས་བཟུང་མཐོ་འབྲིང་སློབ་གྲྭ་ཁག་སློབ་འགོ་བཙུགས་ཡོད་པ་དེ་ནི་རྒྱ་ནག་ནང་ཏོག་དབྱིབས་ནད་དུག་བྱུང་བའི་རྗེས་ནས་རྒྱ་ནག་རྒྱལ་ཡོངས་སུ་སློབ་གྲྭའི་སློབ་འགོ་བཙུགས་པ་ཐོག་མའི་གྲས་ཆགས་ཀྱི་ཡོད་པ་མ་ཟད།འདི་ཚེས་༢༥ནས་སློབ་གྲྭ་ཆུང་བ་ཁག་ཀྱང་ཞིང་ཆེན་སྲིད་གཞུང་གི་བརྡ་ཐོ་ལྟར་སློབ་འགོ་འཛུགས་འཆར་ཡོད་པའི་ཐད་བོད་ནང་གི་སློབ་གསོའི་ལས་རིགས་སྟེང་གི་བོད་མི་ཁག་གིས་འགྲེལ་བརྗོད་གནང་བའི་ཐད་ལྕགས་མོ་འཚོས་གནས་ཚུལ་ཕྱོགས་བསྡུས་བྱས་བར་གསན་རོགས་གནང་།