བོད་མི ༡༤༡ནས་རང་སྲེག་གནང་ཡོད།
2015.06.02

འོད་ཟེར།
༄༅། །འདས་པའི་ལོ་དྲུག་གི་ནང་ཚུན་དུ་བོད་མི ༡༤༡ གིས་རང་ལུས་མེར་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཀྱང་། དུས་དེ་རིང་། འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་བོད་མིའི་རང་སྲེག་གི་ལས་འགུལ་ དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་སུ་དོ་སྣང་ག་འདྲ་ཞིག་ཡོད་པ་དང་། གཞལ་དཀའ་བའི་ཚེ་སྲོག་གི་འགྲོ་སོང་དེ་དང་མཚུངས་པའི་ཕན་ནུས་ཞིག་ཐོན་གི་ཡོད་ མེད་ལ་དཔྱད་ཞིབ་བརྒྱུད། རང་ནི་ཚེ་སྲོག་གཅེས་པར་བཟུང་ནས་དོན་ཕན་ལྡན་པའི་ཐབས་ལམ་གཞན་ཞིག་ཇི་ལྟར་འཚོལ་ རྒྱུ་དང་། དེ་བཞིན་དུ་བོད་མིའི་རང་ལུས་མེ་སྲེག་གི་ལས་འགུལ་འདི་མཚམས་གཅོད་པའི་དུས་ལ་ བསླེབས་ཡོད་དང་མེད་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
གསར་འགོད་པ་སྟག་ལྷ་རྒྱལ།