བོད་ནང་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཆེད་དུ་སྨོན་ལམ་གསོག་སྒྲུབ་གནང་བ།
2015.05.23

༄༅༎ཉེ་ཆར་ཟླ་འདིའི་ཕྱི་ཚེས་༢༠ཉིན་བོད་མི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་དཀར་མཛེས་རྟའུ་རྫོང་། ཁང་གསར་ཡུལ་ཚོའི་ཟམ་པ་དང་། ས་གནས་རྒྱ་ནག་གི་ཡུལ་ཚོའི་ལས་ཁུངས་ཡོད་སའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་བ་ནས་བཟུང༌། ཁང་གསར་ཡུལ་ཚོའི་བོད་མི་ཚོས་ཉ་མཚོ་དགོན་དུ་ཁོང་གི་ཆེད་དུ་སྨོན་ལམ་གསོག་སྒྲུབ་གནང་དང་གནང་མུས་ཡིན་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོག་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་པདྨ་དངོས་གྲུབ།