བོད་ནང་གི་གལ་ཆེའི་གནས་ཚུལ།
2015.11.18
༄༅། །ཐེངས་འདིའི་ང་ཚོའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་འདིའི་ནང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་དེའི་འོག་བོད་ནང་གི་གནས་སྟངས་དེ་ཉིན་རེ་བཞིན་ཇི་སྡུག་ཏུ་འགྲོ་བཞིན་པའི་སྐབས་དེར་བོད་ནང་དངོས་ཡོད་གནས་ཚུལ་རག་རྒྱུ་ལ་ཤིན་དུ་དཀའ་ལས་ཁག་པོ་ཡིན་ཡང་། བོད་ནས་དངོས་ཡོད་གནས་ཚུལ་མི་ཉུང་བ་ཞིག་རག་དང་རག་བཞིན་པ་རེད། དེ་བརྟེན་ཉེ་བའི་ཟླ་ཤས་ནང་ལ་བོད་ནས་གལ་ཆེ་བའི་གསར་འགྱུར་གཙོ་བོ་ཇི་འབྱོར་ཡོད་མེད་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་གྱི་གཙོ་སྒྲིག་པ་རྒན་པ་ཀརྨ་རྡོ་རྗེ་ལགས་སུ་བཅའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་བློ་བཟང་ཆོས་འཕེལ།