མནར་མེད་ཀྱི་འཁུན་སྒྲ།
2018.02.08

༄༅༎ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཐེ་ཝན་གངས་ལྗོངས་དཔེ་སྐྲུན་ཁང་གིས་༼མནར་མེད་ཀྱི་འཁུན་སྒྲ༽ཞེས་པའི་བོད་ནང་གི་གནས་སྟངས་མངོན་པའི་དེབ་གསར་པ་ཞིག་པར་བསྐྲུན་འགྲེམས་སྤེལ་གནང་ཡོད་པ་དང། དེབ་འདི་ནི་ད་ལྟ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་སྤྱི་ལོ་༢༠༠༧ལོ་ནས་༢༠༡༥ལོ་བར་བོད་པ་དང་རྒྱ་མི། ཡུ་གུར་སོགས་མི་སྣ་མང་པོར་བཅའ་འདྲི་ཞུས་ཏེ་བོད་ནང་གི་གནས་སྟངས་སྐོར་ལ་བསམ་ཚུལ་འདྲ་མིན་དང་།དམིགས་བསལ་ས་བྱི་ཞི་རྒོལ་གྱི་སྐོར།རང་སྲེག་ངོ་རྒོལ་གྱི་སྐོར།ཁོར་ཡུག་གི་སྐོར་སོགས་གནད་དོན་མང་པོའི་ཐོག་དངོས་སུ་འབྲེལ་བ་ཡོད་པའི་མི་སྣས་ངོ་སྤྲོད་གནང་བའི་ནང་དོན་ཕྱོགས་སྒྲིག་ཞུས་ཏེ་རྩོམ་ཡིག་ཁྱོན་བཅོ་བརྒྱད་བྲིས་གནང་ཡོད་པས། རྩོམ་པ་པོ་འོད་ཟེར་ལགས་དང་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲལ་དཀར།