བོད་དོན་སེལ་བའི་ཁྲིམས་འཆར་དེ་སྤྱི་མོས་ཀྱི་གཏན་འབེབས་གནང་བ།
2024.04.22
ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་དོན་སེལ་བའི་ཁྲིམས་འཆར་དེ་སྤྱི་མོས་ཀྱི་གཏན་འབེབས་གནང་པ་དེའི་ནང་། རྒྱ་ནག་གཞུང་གིས་བོད་མིའི་འགོ་ཁྲིད་དང་མཉམ་དུ་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཤུགས་གནོན་ཆེ་ཙམ་བསྐྱོན་པ་ཞིག་ཡིན་ཞིང་། རྒྱ་ནག་གིས་བོད་སྐོར་ལ་འཁྱོག་བཤད་ལ་གདོང་ལེན་བྱེད་པའི་ཁྲིམས་ཡིག་འདི་གོམ་གང་མདུན་སྤོ་བྱས་པ་ཞིག་ཡིན་པ་རེད། བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཁྲིམས་འཆར་དེའི་གནས་བབ་དང་དེའི་གལ་གནད་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་དང་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།