ཁེ་ན་ཌའི་མངའ་སྡེའི་གྲོས་ཚོགས་ཤིག་གི་ནང་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་དང་སྲུང་བརྩི།

2023.03.02
ཁེ་ན་ཌའི་མངའ་སྡེའི་གྲོས་ཚོགས་ཤིག་གི་ནང་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་དང་སྲུང་བརྩི། ཁེ་ན་ཌའི་ British Columbia མངའ་སྡེའི་གྲོས་ཚོགས་སུ་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་ཡུལ་དུ་ནང་པའི་དགེ་འདུན་པ་སོགས་སྐུ་ཚབ་བརྒྱ་ཙམ་གྱིས་མཉམ་ཞུགས་གནང་སྟེ་སྲུང་བརྩི་ཞུས་ཡོད་པ།
Photo: RFA

TW2.jpg

ཁེ་ན་ཌའི་ British Columbia མངའ་སྡེའི་གྲོས་ཚོགས་སུ་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་ཡུལ་དུ་ནང་པའི་དགེ་འདུན་པ་སོགས་སྐུ་ཚབ་བརྒྱ་ཙམ་གྱིས་མཉམ་ཞུགས་གནང་སྟེ་སྲུང་བརྩི་ཞུས་ཡོད་ཅིང་། མངའ་སྡེའི་གྲོས་ཚོགས་སུ་ཁྲིམས་ཡིག་འདོན་མཁན་གུ་ཡངས་ཆབ་སྲིད་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ Teresa Wat ལགས་ཀྱིས་གསུངས་དོན་ལྟར་ན། ནང་པའི་རིག་གཞུང་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ཁྲིམས་གཞི་འདིས་མངའ་ཁུལ་འདིའི་ནང་རིག་གཞུང་སྣ་ཚོགས་དར་སྤེལ་གོ་རྟོགས་བརྒྱུད་སྤེལ་གཏིང་གཟབ་བྱེད་བཞིན་པའི་ཁྲོད་ནང་ཆོས་ཉམས་ལེན་པ་ཚོར་ནང་པའི་རིག་གཞུང་སྲུང་བརྩི་ཞུ་རྒྱུ་དང་གོ་རྟོགས་སྤེལ་རྒྱུ་ཞིག་ཡོང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། འདི་སྐོར་ཁྲིམས་ཡིག་ངོ་སྤྲོད་གནང་ཡུལ་དུ་ངོ་བཅར་ཡོད་པ་མཚན་སྒྲོགས་རིན་པོ་ཆེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པར་གསན་རོགས་གནང་།།

TW3.jpg

ཁེ་ན་ཌའི་ British Columbia མངའ་སྡེའི་གྲོས་ཚོགས་སུ་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་ཡུལ་དུ་ནང་པའི་དགེ་འདུན་པ་སོགས་སྐུ་ཚབ་བརྒྱ་ཙམ་གྱིས་མཉམ་ཞུགས་གནང་སྟེ་སྲུང་བརྩི་ཞུས་ཡོད་པ།

གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎