༧གོང་ས་མཆོག་ནས་སྐུ་ཞབས་ཇོན་མེ་ཀེན་མཆོག་གི་ནང་མིར་ཐུགས་གསོ་འཚམས་འཕྲིན་བསྩལ་གནང་ཡོད་པ།
2018.08.31

༄༅། །ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཇོན་མེ་ཀེན(John McCain)མཆོག་ཉེ་ཆར་དགོངས་པ་རྫོགས་ཡོད་པའི་གནས་ཚུལ་དང༌། ཁོང་གི་སྐུ་ཚེ་ལོ་རྒྱུས་དང༌། བོད་ཀྱི་གནད་དོན་ཐོག་ཐུགས་སྣང་གནང་སྟངས། དེ་བཞིན་༧གོང་ས་མཆོག་ནས་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་ནང་མི་རྣམས་ལ་ཐུགས་གསོ་བསྩལ་གནང་མཛད་ཡོད་པའི་སྐོར་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་དང་། གསར་འགོད་པ་ལྷུན་གྲུབ་ཚེ་རིང་ལགས་ཀྱིས་ཁོང་གི་སྐུ་ཚའི་ལོ་རྒྱུས་སྐོར་སྙན་སྒྲོན་ཞུ་པ་བཅས་གསན་རོགས་གནང་།