འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཀྱི་ཡོད་ཟེར།
2018.11.09
མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཕྱི་ཚེས་༦ནས་བཟུང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་བསྐྱར་ཞིབ་གནང་བཞིན་ཡོད་པ་དང་། དེའི་སྐབས་རྒྱ་ནག་གི་དཔོན་རིགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་དེ་བཞིན་དུས་ནམ་ཡིན་ཞིའི་ཅིན་ཕིང་གི་བསམ་བློའི་སློབ་གསོའི་ལམ་སྟོན་འོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཀྱི་ཡོད་ལུགས་སོགས་ཀྱི་བརྗོད་ཡོད་པའི་འཆི་མེད་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་སྙན་སྒྲོན་ཞུས་གནང་གི་རེད།