ལྕམ་ནེན་སི་པེ་ལོ་སི་མཆོག་གྲོས་ཚོགས་ཀྱི་དབུ་ཁྲིད་ཀྱི་ལས་སྣེ་ནས་དགོངས་ཞུ་གནང་ཡོད་པ།
2022.11.28
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེལོསི་མཆོག་གིས་ལོ་ངོ་ ༢༠ རྗེས་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཀྱི་ལས་སྣེ་ནས་དགོངས་ཞུ་གནང་ཡོད་ཅིང་། ཁོང་ནི་བོད་དང་༧གོང་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཤིན་ཏུ་ཉེ་བའི་དབུ་ཁྲིད་གཅིག་ཡིན་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ལོ་ངོ་བཅུ་ཕྲག་བརྒལ་བའི་རིང་ཨ་མི་རི་ཀའི་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་བོད་དོན་ཐོག་ལ་རྒྱབ་སྐྱོར་ཇི་ལྟར་གནང་ཡོད་མེད་ཐད་དཔྱད་གཞིའི་བགྲོ་གླེང་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།