ཨ་རིའི་མཁའ་དབྱིངས་སུ་རྒྱ་ནག་གི་སོ་མྱུལ་སྒང་ཕུག་འཕུར་བསྐྱོད་བྱེད་པའི་གནད་དོན།

2023.02.04
ཨ་རིའི་མཁའ་དབྱིངས་སུ་རྒྱ་ནག་གི་སོ་མྱུལ་སྒང་ཕུག་འཕུར་བསྐྱོད་བྱེད་པའི་གནད་དོན།
ཕྱོགས་བསྒྲིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་ཕྱོཌ་ཕེབས་གནང་རྒྱུ་ཕྱིར་འགྱངས་གནང་པ། ཨ་མི་རི་ཀའི་ས་ཁུལ་གྱི་མཁའ་དབྱིངས་སུ་ཕྱི་ཟླ་ ༢ ཚེས་ ༢ ཉིན་རྒྱ་ནག་གི་སོ་མྱུལ་འཕྲུལ་རིགས་སྒང་ཕུག་འཕུར་བསྐྱོད་བྱེད་པའི་གནས་ཚུལ་བྱུང་བར་བརྟེན།  ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཨེན་ཊོ་ནི་ སྦལིང་ཀེན་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༥ དང་ ༦ ཉིན་རྒྱ་ནག་ཏུ་ཕྱོགས་ཕེབས་གནང་རྒྱུ་ཕྱིར་འགྱངས་གནང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་དབར་ལ་འབྲེལ་བ་མཐུད་ཁ་གསར་པ་ཞིག་བསྐྲུན་ཐབས་བྱེད་པའི་སྐབས་ཤིག་ལ་འདི་ལྟའི་རྒྱ་ནག་གིས་བྱེད་སྒོ་སྤེལ་བ་དང་ལྷག་པར་འདིས་ཤུགས་རྐྱེན་ཇི་ཐེབས་སྐོར་གནད་དོན་དབྱེ་ཞིབ་པ་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎