ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་ལྷན་གཟེངས་བསྟོད་ཀྱི་རྟགས་མ་ཐོབ་འདིའི་གལ་གནད་དང་ཚོགས་པའི་ལས་དོན་ལ་ཕན་ནུས་ཇི་ལྟར་ཡོང་རྒྱུ་ཡིན་མིན་སྐོར།

2025.02.04
ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་ལྷན་གཟེངས་བསྟོད་ཀྱི་རྟགས་མ་ཐོབ་འདིའི་གལ་གནད་དང་ཚོགས་པའི་ལས་དོན་ལ་ཕན་ནུས་ཇི་ལྟར་ཡོང་རྒྱུ་ཡིན་མིན་སྐོར།
ཨ་རིཕ་ཝི་རཱ་ནི།

ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་སུ་ཟླ་བ་གཅིག་ཙམ་གྱི་གོང་ལ་རྒྱ་ནག་གཞུང་གིས་རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་ས་ཁུལ་ཁག་ཏུ་བསྐྱོད་མི་ཆོག་པའི་ཐོངས་མཆན་བཀག་འགོག་སོགས་ཀྱི་དམ་དྲག་བྱེད་རྒྱུའི་ཉེས་ཆད་བཀལ་ཡོད་པ་དེ་ལྟར་ཡང་།  ཉེ་ལམ་ཁེ་ན་ཌའི་ནང་དུ་སྤྱི་ཚོགས་ཀྱི་ཞབས་ཞཞུ་དང་ལས་འགུལ་གནང་མཁན་ཁག་ལ་ངོས་འཛིན་གྱི་ཚུལ་དུ་དབྱིན་ཇིའི་རྒྱལ་པོ་ཅཱརལསི་ (Charles III) གསུམ་པའི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་འཁྱེར་དེ་གནང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་ལྷན་གཟེངས་བསྟོད་ཀྱི་རྟགས་མ་ཐོབ་འདིའི་གལ་གནད་དང་ཚོགས་པའི་ལས་དོན་ལ་ཕན་ནུས་ཇི་ལྟར་ཡོང་རྒྱུ་ཡིན་མིན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎