གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་བོད་དོན་གླེང་རྒྱུའི་འཆར་གཞི།

2024.11.09
གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་བོད་དོན་གླེང་རྒྱུའི་འཆར་གཞི། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་བོད་དོན་གླེང་རྒྱུའི་འཆར་གཞི།
འདྲ་བཤུས།

བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༢༤ལོའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་༢༩པ་དེ་ Azerbaijanརྒྱལ་ཁབ་ཀྱི་རྒྱལ་ས་Bakuརུ་འཚོགས་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཚོགས་ཆེན་དེ་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱང་ཚོགས་ཆེན་དེའི་སྐབས་སུ་ཕེབས་བཅར་ཞུ་ཡི་ཡོད་ལ། བོད་ཀྱི་ཁོར་ཡུག་གནས་སྟངས་དང་གལ་གནད་དང་བོད་ཀྱི་ཁམས་སྡེ་དགེའི་ཁུལ་དུ་ཆུརགས་རྒྱག་རྒྱུའི་ལས་འཆར་གྱི་ཉེན་ཚབས་སོགས་ཀྱི་སྐོར་ཞུ་གཏུགས་ཀྱི་ལས་འགུལ་ཁག་སྤེལ་རྒྱུའི་འཆར་གཞི་གང་ཡོད་སྐོར་ཁོང་ལ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་སྙན་སྒྲོན་ཞུས་པ་དེ་གསན་རོགས་ཞུ།

གསར་འགོད་པ། ཚེ་དབང་ནོར་བུ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎