ཨ་རིར་སྲིད་འཛིན་ ༤༧ པ་འོས་འདེམས་ཀྱི་འོས་བསྡུ་ཆེན་མོ།
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན་ཨ་རིར་སྲིད་འཛིན་ ༤༧ པ་འོས་འདེམས་ཀྱི་འོས་བསྡུ་ཆེན་མོའི་དུས་ཚིགས་འཁེལ་ཡོད་ཅིང་། ད་རེས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་གཞོན་པ་ལས་ཐོག་ ཀམ་ལ་ ཧེ་རིསི་ ཀྱིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ ཌོ་ནལཌི་ ཊམཔ་ ཀྱི་ཁ་གཏད་དུ་ལངས་ཀྱི་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་དང་དེའི་གོ་ལའི་ཐོག་ལ་ཤུགས་རྐྱེན། ཆབ་སྲིད་ཚོགས་པ་གཉིས་ཀྱི་བོད་དོན་ཐོག་རྒྱབ་སྐྱོར་གྱི་གནས་བབ་བཅས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་དང་། རྩོམ་སྒྲིག་འགན་འཛིན་ལས་ཚབ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།