བདུན་ཚིཌ་གསུམ་པའི་སྨོན་ལམ།
2010.05.04

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎ཕྱི་ཟླ་ལྔ་པའི་ཚེས་བཞི་རེས་གཟའ་མིག་དམར་གྱི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་གཞུང་དམངས་ནས་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་པའི་བོད་མི་རྣམས་ཀྱི་བདུན་ཚིགས་གསུམ་པར་སྨོན་ལམ་གསོལ་འདེབས་རྒྱ་ཆེ་ཞིག་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎