འབར་ཁམས་མི་རིགས་དགེ་འོས་སློབ་གྲྭའི་སློབ་མ་གློད་བཀྲོལ།
2010.04.21

གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ས་ཕྱོགས་ཡོངས་སུ་སྤྱི་མཚུངས་ལྟར།བོད་ཨ་མདོ་རྔ་བ་ཁུལ་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭའི་སློབ་མ་ཚོས་ཀྱང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས།རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་སློབ་མ་དཀོན་མཆོག་ཉེ་ཆར་གློད་བཀྲོལ་བཏང་ཡོད་པའི་སྐོར།བོད་ཨ་མདོ་ཕྱོགས་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎