གསུམ་བཅུའི་དུས་དྲན་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ།

རྒྱ་གར་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་ནས་ཡིན་པའི་སྐུ་ཚབ་འཐུས་མི་ ༡༡༤ ནས་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་འཆམ་བྱུང་འདུག

2012.07.20

༄༅། །རྒྱ་གར་གྱི་ ཨུཏཏར་པྲ་དེཤ་(Uttar Pradesh) མངའ་སྡེའི་ནང་གི་ མ་ཐུ་ར་ (Mathura) གྲོང་ཁྱེར་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༡༡༤ ཙམ་འཛོམས་ནས་མ་འོངས་བོད་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་ཚོགས་འདུ་ཞིག་གནང་འདུག་ ཟླ་བ་འདིའི་ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་ཀྱི་རང་སྐོང་ཚོགས་གནང་བའི་ཚོགས་འདུ་དེའི་ནང་མ་འོངས་པ-ར་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་དང༌། རྒྱ་གར་གྱི་མི་དམངས་སྤྱི་དང་བྱེ་བྲག་ཏུ་སློབ་གྲྭ་དང་མཐོ་སློབ་ཁག་གི་ནང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་རྒྱུའི་གྲོས་འཆམ་ཡང་བྱུང་འདུག ད་རེས་ཀྱི་ཚོགས་འདུ་དེ་རྒྱ་གར་གྱི་གཞུང་འབྲེལ་བའི་མ་ཡིན་པའི་ཚོགས་པ་འཕགས་བོད་འབྲེལ་མཐུད་ཚོགས་པས་དབུས་པའི་ཚོགས་པ་བཞི་མཉམ་སྦྲེལ་གྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། ཞིབ་ཕྲ་ང་ཚོའི་ལྡི་ལིའི་གསར་འགོད་པ་བསོད་ནམས་དབང་འདུས་ཀྱིས་གནས་ཚུལ་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎