གསར་འགྱུར་ཡིག་ཚགས།
2012-08-09
བཀའ་བློན་ཁྲི་པ་མཆོག་གིས་མཛད་འཁུར་དམ་འབུལ་ཞུས་ནས་ལོ་གཅིག་འཁོར་བ་དང་བསྟུན། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་དུ་དམིགས་བསལ་མཆོད་འབུལ་རྒྱས་པ་དང། བཀའ་ཁྲིའི་ལས་དོན་ཚགས་ཚུད་ཡོང་བའི་སྨོན་འདུན་གནང་འདུག
2012-08-09
ཕྱི་ཟླ་ ༡༢ པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་བསྐོང་བྱས་ཏེ་འབྱུང་འགྱུར་རྒྱ་ནག་གི་གནས་སྟངས་སྤྱི་དང༌། འགོ་འཁྲིད་འཕོ་འགྱུར་ལ་གཞིགས་ནས་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་བཅས་ཀྱི་སྐོར་བསམ་ཞིབ་གོ་བསྡུར་ཞུ་རྒྱུ་ཡིན་གསུངས།
2012-08-08
ཟམ་གདོང་རིན་པོ་ཆེ་མཆོག་ནས། ང་ཚོས་འབད་བརྩོན་བྱེད་ཡག་དེ་ཕོ་མོ་འདྲ་མཉམ་བཟོ་རྒྱུའི་དོན་དག་ལ་མིན་པ་དང། ཐོབ་ཐང་རྩོད་ཡག་གི་དོན་དག་ལ་མིན་པར། ཐར་པ་དོན་གཉེར་ཉག་ཅིག་གི་དོན་དུ་ཐབས་ཤེས་གནང་གི་ཡོད་ཅེས་གསུངས།
2012-08-07
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་དེ་ར་དུན་Dehra Dun ཁུལ་དུ་ཡོད་པའི་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ཚོགས་ཁང་དུ་བོད་མི་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་མ་འོངས་ལས་འགུལ་གསར་པ་སྤེལ་ཕྱོགས་ཀྱི་སྐོར་ལ་བསམ་ཚུལ་བསྡུ་རུབ་གནང་འདུག
2012-08-07
ཟླ་བ་འདིའི་ཚེས་༤ཉིན་ནིའུ་ཛི་ལེནཌ་ཁུལ་དུ་ཡོད་པའི་ཚོགས་པ་གསུམ་གྱི་གོ་སྒྲིག་འོག་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
2012-08-03
བོད་ཀྱི་རྒྱལ་གཅེས་པ་ངག་དབང་ནོར་འཕེལ་ལགས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ནས་ཉེ་འཆར་ཕྱི་ཟླ་༧་ཚེས་༣༠་ཉིན་འདས་གྲོངས་སུ་འགྱུར་ཡོད་པ་རེད།
2012-08-02
བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་སློབ་གྲྭའི་གུང་སེང་དང་བསྟུན། ཉེ་འཆར་སློབ་ཕྲུག་རྣམས་ལ་ཟུར་དུ་སློབ་ཁྲིད་བྱ་རྒྱུའི་ལས་གཞི་ཞིག་སྤེལ་ཡོད་ཀྱང། རྒྱ་ནག་གཞུང་ནས་དེ་ལྟར་སྤེལ་རྒྱུར་དམ་དྲག་གིས་བཀག་འགོག་བྱས་འདུག
2012-07-31
རྒྱ་གར་གྱི་སྲིད་འཛིན་གསར་པ་པྲ་ནབ་མུ་ཁར་ཇི་མཆོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཐུན་མོང་ནས་ཞུ་སྙན་ཞིག་ཕུལ་ནས་བོད་དོན་བསྐྱར་ཞིབ་དགོས་པའི་དགོས་འདུན་བཏོན་འདུག
2012-07-30
བོད་ཁམས་གོ་འཇོ་རྫོང་དུ་ཁུལ་དེའི་བོད་མི་ངག་དབང་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ།
2012-07-28
བོད་ནང་གི་ས་ཁུལ་ཁག་དུ་བསྐོ་བཞག་བྱས་པའི་རྒྱ་གཞུང་དཔོན་རིགས་ཚོས་བོད་མིའི་དཔལ་འབྱོར་ཡོང་འབབ་ལ་སྟངས་འཛིན།
2012-07-25
ཐེ་ཝན་ནང་གི་རྒྱ་རིགས་སློབ་མ་དང་དགེ་རྒན་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཁག་ཅིག་བདུན་ཕྲག་གཉིས་ཀྱི་ཆེད་བཞུགས་སྒར་དྷ་རམ་ས་ལར་འཚམས་འདྲི་གཟིགས་སྐོར་གནང་བཞིན་འདུག
2012-07-24
བལ་ཡུལ་གྱི་གསར་འགོད་པའི་མཐུན་ཚོགས་ཤིག་བོད་ནང་གཟིགས་སྐོར་དང༌། བལ་ཡུལ་དང་རྒྱ་ནག་དབར་མཐའ་མཚམས་བདེ་འཇགས་ཀྱི་ཚོགས་འདུ་གནང་བཞིན་འདུག
2012-07-23
བཙན་བྱོལ་བོད་མིའི་ཚོང་ལས་འཛུགས་སྐྲུན་ཡར་རྒྱས་གཏང་ཆེད་དུ་གཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་ཡིན་པའི་གནས་ཚུལ།
2012-07-20
རྒྱ་གཞུང་ནས་ཉེ་ཆར་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང་ལགས་ཞུ་བ་ཞིག་འཛིན་བཟུང་དང༌། གྲྭ་བློ་གྲོས་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
2012-07-20
རྒྱ་གར་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་ནས་ཡིན་པའི་སྐུ་ཚབ་འཐུས་མི་ ༡༡༤ ནས་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་འཆམ་བྱུང་འདུག