དབུས་བོད་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར།
2012.09.10
༸གོང་ས་མཆོག་གི་དྲ་གནས།
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དབུས་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དབུ་འབྱེད་གནང་ཡོད་པ་སོགས་ཁུལ་དེའི་ནང་ཉིན་གསུམ་གྱི་མཛད་འཆར་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས༎