༸གོང་ས་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་སློབ་སྩལ་བ།
2013.12.08

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཇོ་ལེབས་ཆོས་འཕེལ།
༄༅༎ཕྱི་ཟླ་༡༢ཚེས་༧རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཅིན་མ་ཡ་མི་ཤིན་ཞེས་པའི་ཚོགས་ཁང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐོག་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་ལམ་སྟོན་བཀའ་སློབ་སྩལ་བ་དང༌།ལོ་མང་རིང་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་མཁན་ཁག་ཅིག་ལ་དམིགས་བསལ་བྱ་དགའ་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཇོ་ལེབས་ཆོས་འཕེལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎