ཡི་ཤུའི་བླ་ཆེན་ལ་འཚམས་འདྲི།


2013.03.15
༧གོང་ས་མཆོག་དང་། ཡི་ཤུའི་བླ་ཆེན་པོཔ་གསར་པ་ St Francis མཆོག
༧སྐུ་སྒེར་ཡིག་ཚང་གི་དྲ་གནས་དང་ཨེ་ཨེཕ་པི།

༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡི་ཤུའི་བླ་ཆེན་པོབ་གསར་པ་མཆོག་ལ་འཚམས་འདྲི་མཛད་པ་དང་སྦྲགས།    པོཔ་མཆོག་དང་གང་མགྱོགས་མཇལ་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་བཀའ་གནང་འདུག    དེ་ཡང་༧གོང་ས་མཆོག་གིས་དེ་རིང་ཕྱི་ཚེས་༡༤ཉིན་བསྩལ་བའི་གསུང་འཕྲིན་དེའི་ནང་།        ངོས་ཀྱིས་ཡི་ཤུའི་བླ་ཆེན་གསར་པ་སྐྱེས་བུ་དམ་པ་སེན་ཊི་ཕ་རན་སིས་ St Francis མཆོག་དེ་སྔ་ཨ་སི་སིར་ Assisiཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ཤིག་ཏུ་ཕེབས་པ་ཤེས་ཀྱི་ཡོད། སྐུ་ཉིད་མཆོག་གིས་བསླབ་ཁྲིམས་སྲུང་སྟངས་དང་སྲོག་ཆགས་ཀུན་ལ་བྱམས་བརྩེའི་གཟིགས་སྐྱོང་གནང་སྟངས་ཀྱི་སྐུ་ཡོན་དེར་ངོས་རང་ཧ་ཅང་ཡིད་དབང་འཕྲོག་པོ་བྱུང་བས་མ་ཟད། ད་ཐེངས་སྐུ་ཉིད་མཆོག་བླ་ཆེན་པོཔ་ལ་འདེམས་ཐོན་བྱུང་བར་ངོས་རང་སེམས་འགུལ་ཧ་ཅང་ཐེབས་བྱུང། ངོས་ཀྱིས་འབྱུང་འགྱུར་སྐུ་ཉིད་མཆོག་དང་གང་མགྱོགས་མཇལ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་བཀའ་བསྩལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎