ཨེ་མོ་རིར་ཆིབས་བསྒྱུརམཛད་འཆར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་འཁོད་གནང་མཛད་པ།

2010.10.18
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་འཁོད་པ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་བཅུ་པའི་ཚེས་བཅུ་བདུན་རེས་གཟའ་ཉི་མའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་ལྟར།ཁ་ས་ཕྱི་ཚེས་༡༧ཉིན་ཨ་རིའི་མངའ་སྡེ་ཇོར་ཇི་ཡ་ནང་ཨེཊ་ལན་ཊ་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོར་བྱམས་བརྩེའི་རང་བཞིན་དང་།བདེ་སྐྱིད་དོན་དུ་གཉེར་ཚུལ་སྐོར་ཆོས་ལུགས་འདྲ་མིན་གྱི་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་རྗེས།དེ་རིང་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་སྒོམ་དང་འབྲེལ་བའི་ད་ཡོད་ཀྱི་ཉམས་ཞིབ་ཁག་གི་བརྒྱུད་རིམ་ལག་བསྟར་བྱ་ཕྱོགས་དང༌།མ་འོངས་འཆར་འགོད་བཅས་ཀྱི་ཐད་ལ་ཚན་རིག་དང་འབྲེལ་བའི་སྒོ་ནས་བགྲོ་གླེང་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎