༸གོང་ས་མཆོག་ནས་ནིའུ་ཡོག་ཏུ་བོད་མི་ཚོར་བསྩལ་བའི་བཀའ་སློབ།
2014.11.08

༄༅༎ཐེངས་འདིའི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་ལྔ་སྟོང་ལྷག་ཙམ་ལ་བོད་མིའི་ངོ་བོ་མུ་མཐུད་གནས་ཐུབ་པ་དགོས་རྒྱུ་དང་། བོད་སྐད་ཡིག་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་གཅེས་འཛིན་བྱེད་པའི་ཐོག་ནས། དུས་རབས་༢༡པའི་ནང་པ་ཞིག་བྱེད་དགོས་པའི་སྐོར་སོགས་དམིགས་བསལ་བླང་དོར་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར། ཞིབ་ཕྲ་སྒྲོལ་དཀར་ལགས་ཀྱིས་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ལྷན་བཀའ་མོལ་ཞུས་པ་ཞིག་གསན་རོགས།།
གསར་འགོད་པ་སྒྲོལ་དཀར།