གསར་འགྱུར་ཡིག་ཚགས།
2024-02-13
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག་ལ་༧གོང་ས་མཆོག་གིས་རིང་མིན་དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་སྩོལ་གནང་རྒྱུ་ཡིན་འདུག
2024-02-08
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་རྒྱལ་པོ་(Charles)་མཆོག་གི་འབྲས་སྐྲན་གྱི་སྙུན་གཞི་དྭངས་སྐྱེད་ཡོང་བའི་ཐུགས་གསོའི་འཚམས་འཕྲིན་བསྩལ་འདུག
2024-02-01
གཡུང་དྲུང་བོན་གྱི་སྨན་རི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་གསུང་ཐུགས་ཀྱི་རྟེན་འདེགས་འབུལ་དང་བཅས་༧སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་གནང་འདུག
2024-01-29
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་དང་ཡིག་ཆ་སྒྲུབ་མཚམས་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་འདུག
2024-01-16
སྤྱི་ནོར་༧གོང་ས་མཆོག་གིས་ཐེ་ཝན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་བདམས་ཐོན་སྲིད་འཛིན་ལ་བློ་སྟོབས་འཕེལ་བའི་འཚམས་འདྲིའི་གསུང་འཕྲིན་སྩལ་བར་སྲིད་འཛིན་ལས་ཐོག་ཚའེ་ཡིས་ཝུན་གྱིས་ཐུགས་རྗེ་ཆེ་ཞུས་འདུག
2024-01-15
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་རེས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་བདམས་ཐོན་སྲིད་འཛིན་(Lai Ching-te)་ལགས་སུ་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག
2024-01-12
སེར་སྨད་མཁན་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་འདུག
2024-01-12
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་རེས་འབྲུག་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་བདམས་ཐོན་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལགས་སུ་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག
2024-01-11
༸གོང་ས་མཆོག་གིས་འཛམ་གླིང་སྤྱི་དང་ཡང་སྒོས་བོད་འབངས་རྣམས་ལ་བསྐྱངས་པའི་བླ་ན་མེད་པའི་མཛད་རྗེས་དག་ལ་བཀྲིན་རྗེས་དྲན་མཚོན་ཆེད་དང་༧མགོན་པོ་གང་ཉིད་༧སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་བ་སོགས་ཞབས་བརྟན་གྱི་བྱེད་སྒོ་དུ་མ་སྤེལ་གྱི་ཡོད་པ་རེད།
2024-01-09
༸གོང་ས་མཆོག་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་ཕུལ་བའི་མཛད་སྒོར་ཞབས་སོར་འཁོད་ནས་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཅིག་ཕན་གཅིག་རོགས་དགོས་པའི་བཀའ་སློབ་ཕེབས་པ།
2024-01-06
༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་དང་སྨན་བླའི་གསོལ་འདེབས་སོགས་ཀྱི་ལྗགས་ལུང་བཀའ་སློབ་ནང་བ།
2024-01-04
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ལ་བྱམས་བརྩེ་ཡོད་ན་ཞི་བདེ་ཡོང་རྒྱུ་ཡིན་པ་སོགས་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར།
2024-01-03
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོར་དབུ་བཞུགས་མཛད་ནས་ཕྱག་འཁྱེར་བཞེས་མཁན་རྣམས་ལ་ལམ་སྟོན་བཀའ་སློབ་བསྩལ་འདུག