གསར་འགྱུར་ཡིག་ཚགས།
2023-08-07
བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༣པ་ལ་དྭགས་ས་གནས་སུ་ཚོགས་བཞིན་འདུག
2023-08-07
ད་ལོ་དགེ་བཤེས་མའི་ཡིག་རྒྱུགས་ཆེན་མོའི་ནང་ཞུགས་མཁན་བཙུན་མ་༡༣༢བྱུང་འདུག་པ་དེ་ནི་ལོ་རྒྱུས་ཐོག་ཉམས་ཞུགས་གནང་མཁན་མང་ཤོས་ཆགས་ཡོད་པ་རེད།
2023-08-07
བོད་མི་ཚོས་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་ས་ཁྲ་འབྲི་འགོད་གནང་གལ་ཆེ་བ་ས་ཁྲ་ཆེད་མཁས་པ་ཤ་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་ས་ཁྲའི་འགྲེམས་སྟོན་སྐབ་ས་གསལ་སྟོན་གནང་སོང་།
2023-08-04
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སིམ་ལར་བོད་མི་གནས་ཁུལ་གྱི་སྤྱི་ཁྱབ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་སྐབས་ས་གནས་བོད་མིར་ས་ཆ་བོགས་གཏོང་དང་འབྲེལ་བའི་དཀའ་ངལ་སྐོར་སྙན་སེང་ཞུས་ཡོད་འདུག
2023-08-02
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་བྱེད་རྒྱུའི་དུས་ཚོད་སླེབས་ལ་ཉེ་བར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དཔྱད་གཞིའི་སྙན་ཐོ་བཏོན་འདུག
2023-08-02
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེ་བོད་ལ་ནམ་ཡང་འཇུག་ཐབས་མེད་སྐོར་ལྡི་ལིར་ཚོགས་པའི་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ཀྱི་དྲག་རྩུབ་ཅེས་བའི་བགྲོ་གླེང་ཚོགས་འདུའི་ཐོག་གསུངས་འདུག
2023-08-02
རྒྱ་གར་གྱི་ནང་པའི་གནས་ཆེན་མཉན་ཡོད་དུ་རྒྱལ་ཁབ་འདྲ་མིན་གྱི་ནང་པའི་དགེ་སློང་མ་༡༤༠ལྷག་དབྱར་གནས་ལ་བཞུགས་བཞིན་འདུག
2023-07-31
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་དང་བོད་དོན་གཏམ་བཤད་གནང་འདུག
2023-07-27
སྤྱི་འཐུས་བསྟན་འཛིན་ཆོས་འཛིན་དང་ཚེ་རིང་ལྷ་མོ་ལགས་ཨོ་རི་ས་ཕུན་ཚོགས་གླིང་་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་པ།
2023-07-26
སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ན་དྲའི་ནང་བཞུགས་མཁན་སངས་རྒྱས་སྐྱབས་ལགས་དེང་སང་རྐང་འཁོར་སྐོར་བསྐྱོད་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ
2023-07-25
དམ་བཅའ་ཕུལ་ས་མེད་པ་ནི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོས་འགྲེལ་བརྗོད་གནང་བྱུང་།
2023-07-25
བོད་ཀྱི་སྐད་དང་ཡི་གེ་དེ་མ་བརླག་པ་བྱེད་དགོས་པ་༧གོང་ས་མཆོག་གིས་བྷེལ་ཇམ་གྱི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་མཇལ་ཁའི་སྐབས་བཀའ་སྩལ་འདུག
2023-07-24
བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམ་པ་རྣམ་རྒྱལ་ཆོས་གྲུབ་ལགས་དང་ཨ་མི་རི་ཀའི་རྒྱལ་སར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་(Miloslav Stasek)་ལགས་རྣམ་གཉིས་མཇལ་མོལ་གནང་འདུག
2023-07-24
རྒྱལ་ཁབ་༦ནས་བོད་རིགས་ཕྲུ་གུ་༥༠ཙམ་དང་མཉམ་དུ་ཕ་མ་དང་བླངས་བ་བཞི་བཅས་སླེབས་ཡོད་པ་རེད།
2023-07-22
ནུབ་ཕྱོགས་སྤྱི་ཚོགས་སུ་སྐྱེས་པའི་བོད་ཀྱི་ཨ་ནུ་ཚོར་བོད་སྐད་ཡིག་སློབ་པའི་ཆེད་དུ་བོད་ཀྱི་བྱིས་པའི་དཔེ་དེབ་བཅུ་གྲངས་ཤིག་རྩོམ་སྒྲིག་དང་དཔར་སྐྲུན་འགྲེམ་སྤེལ།