ཁམས་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཆེ་བརྒྱབ་པ།

༸གོང་ས་མཆོག་དང་བཙན་བྱོལ་གཞུང་དམངས་ནས་ས་ཡོམ་ནང་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་གནང་།

2010.04.14
ཁམས་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཆེ་བརྒྱབ་པ།
བོད་གཞུང་གི་དྲ་གནས།

༄༅༎དེ་རིང་ཞོགས་པ་རྒྱ་ནག་གི་ཆུ་ཚོད་༧།༤༩ཐོག་ཁམས་སྐྱེ་རྒུ་མདོའི་གྲོང་ཁྱེར་ལྟེ་གནས་ཀྱི་ཉེ་འཁོར་སྤྱི་ལེ་༣༠ཙམ་གྱི་མཚམས་སུ་ས་ཡོམ་ཤུགས་ཆེ་བྱུང་ཡོད་པ་དང།སྐྱེ་དགུ་མདོའི་གྲོང་ཁྱེར་དུའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད།ད་ལྟའི་ཆར་ཁ་པར་དང་གློག་འཕྲིན་གྱི་བརྒྱུད་ལམ་མང་པོ་ཞིག་ལ་སྐྱོན་ཤོར་ནས་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་དང།རྒྱ་ནག་གི་གསར་འགོད་པ་ཁག་ཅིག་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན།སྐྱེ་དགུ་མདོའི་གྲོང་ཁྱེར་གྱི་མི་མང་གི་ཁང་པ་བརྒྱ་ཆ་དགུ་བཅུ་ཙམ་ལ་གཏོར་སྐྱོན་ཐེབས་ཡོད་པ་དང།མི་མང་པོ་ལ་སྲོག་སྐྱོན་ཚབས་ཆེན་ཤོར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང།ད་ལྟའི་ཆར་སྨན་ཁང་དུ་བསྐྱལ་བ་མང་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་མ་ཐག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་དམངས་ནས་ཐུགས་སྨོན་གསོལ་འདེབས་གནང་བའི་སྐོར་གྱི་གནས་ཚུལ་ཞིག་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎