རྒྱ་བལ་བོད་ཁུལ་ས་ཡོམ།
2011.09.19

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་༩ཚེས་༡༨རེས་གཟའ་ཉི་མའི་ཉིན་བོད་དང་།རྒྱ་གར་བྱང་ཤར།བལ་ཡུལ།འབྲུག་བཅས་ཀྱི་ས་ཁུལ་ནང་ས་ཡོམ་འགུལ་ཚད་དྲུག་ཚགས་དགུ་བྱས་པ་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་ཡོད་པའི་གནས་ཚུལ་རིམ་བཞིན་ཐོན་བཞིན་ཡོད་པ་རེད།བལ་ཡུལ་ནང་ས་འགུལ་བརྒྱབ་པའི་རྗེས་སུ་ཡུལ་མི་མང་པོས་ཕྱི་ལ་ཐོན་ཏེ་ཉེན་ཡོལ་ཁང་དུ་བསྡད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎