ས་རྟགས་བསྡུ་རུབ་ཀྱི་ལས་འགུལ།
2010.06.16

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།
༄༅༎ཕྱི་ཟླ་དྲུག་པའི་ཚེས་བཅུ་དྲུག་རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་འཛམ་གླིང་ནང་གི་ཡུལ་གྲུ་ཁག་གི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ནས་སྨན་བཅོས་ཆེད་གློད་བཀྲོལ་དགོས་པའི་རེ་སྐུལ་གྱི་ས་རྟགས་ཁྲི་བཞི་ལྡན་པའི་སྙན་ཞུ་ཞིག་ཕུལ་ཡོད་པ་དང་།འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་མེད་ལགས་ནས་སྙན་ཞུ་ཞིག་ཕུལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎