ཟས་བཅད་ངོ་རྒོལ་མཇུག་སྒྲིལ།

ནིའུ་ཡོརྐ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཆེད་ཕེབས་གནང་སྟེ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཇུག་སྒྲིལ་བ།

2012.03.23
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟས་བཅད་ངོ་རྒོལ་བ་བཞུགས་ཡུལ་དུ་ཆེད་ཕེབས་གནང་སྟེ་ཟས་བཅད་ངོ་རྒོལ་མཇུག་སྒྲིལ་གནང་བཞིན་པ།
ཚེ་དབང་རང་བཙན།
གསར་འགྱུར་ལ་གསན་རོགས།

༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ཏུ་བོད་མི་གསུམ་གྱིས་བོད་བསྟན་སྲིད་ཀྱི་ཆེད་དུ་གནང་བཞིན་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༢ ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཆེད་ཕེབས་གནང་སྟེ་མཇུག་སྒྲིལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

Anonymous
Mar 23, 2012 04:02 AM

རྒྱལ་གཅེས་པ་ཤིང་བཟང་བླ་མ་དང་རྡོར་རྒྱལ་ལགས།་ཡེ་བསྟན་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཟུ།