བོད་མི་༢༠༠ཙམ་བཀག་འགོག།

རྔ་བ་ཨ་འདུས་སྡེ་བའི་ས་གནས་བོད་མི་ཚོས་རྫོང་སྲིད་གཞུང་ལ་བོད་མི་གློད་གྲོལ་དགོས་པའི་རེ་འདུན་འདོན་པར་ཕྱིན་འདུག

2012.05.10
བོད་མི་༢༠༠ཙམ་ནས་རེ་འདུན། རྔ་བ་ཁུལ་དུ་རྒྱ་གཞུང་གིས་དམ་བསྒྲགས་བྱེད་སྐབས་ཀྱི་འདྲ་པར།
ཨེ་ཨེཕ་པི།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡ ཉིན། བོད་མདོ་སྨད་རྔ་བ་ཨ་འདུས་སྡེ་བའི་ནང་ས་གནས་ཀྱི་བོད་མི་༢༠༠ཙམ་གྱིས། རྫོང་སྲིད་གཞུང་ལ་ཉེ་ལམ་འཛིན་བཟུང་བྱས་པའི་བོད་མི་དེ་དག་གློད་གྲོལ་གཏང་དགོས་པའི་རེ་འདུན་བཏོན་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎