གསར་འགྱུར་ཡིག་ཚགས།
2022-10-06
རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་བགྲོ་གླེང་ལྷན་ཚོགས་ཐེངས་བཞི་པ་དེ་འབྲུག་ཡུལ་དུ་བསྐོང་ཚོགས་གནང་བའི་ཐོག་བོད་མི་ཉམས་ཞིབ་པ་དང་མཁས་དབང་བཅུ་མཉམ་ཞུགས་གནང་འདུག
2022-10-06
འཕགས་པ་ཝ་ཏི་བཟང་པོའི་སྐུ་འདྲ་བཞུགས་ཡོད་ས་དེར་སྨན་ཁང་འདི་དམིགས་བསལ་ཆགས་ཀྱི་ཡོད་པ་དང་། སྔར་བཞིན་ནད་པ་ལ་ལྟ་རྟོག་ཧུར་ཐག་གནང་དགོས་པ་སོགས་བཀའ་སྩལ་འདུག
2022-10-05
ཚེས་༥ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༥འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཆིག་ཁྲི་བརྒྱད་སྟོང་སུམ་བརྒྱ་བརྒལ་འདུག
2022-10-05
༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་རྒྱུའི་འཆར་གཞི་འཐེན་བཞིན་པ་དཔང་རྟགས་ར་སྤྲོད་བྱུང་ཡོད་པ་དང་། དེ་འདྲའི་ཐེ་བྱུས་འོག་རྒྱ་ནག་གཞུང་གིས་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ཡིན་ཚུལ་གྱིས་འདེམས་བསྐོ་བྱས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་ནམ་ཡང་བྱེད་རྒྱུ་མེད་པའི་སྐུལ་མ་བྱས་འདུག
2022-10-05
འཛམ་གླིང་ཞི་བདེའི་རྩ་བ་ནི་གཞན་གཅེས་འཛིན་གྱི་བསམ་བློ་ཡིན་པ་དང་ཉིན་ལྟར་སེམས་ཀྱི་ཞི་བདེ་དེ་གནས་པ་ཡིན་ན་ཁྱིམ་ཚང་དང་སྤྱི་ཚོགས་ནང་དུའང་ཞི་བདེ་ཡོང་གི་རེད་ཅེས་༧གོང་ས་མཆོག་གིས་གསུང་ཆོས་མཇུག་བསྡོམས་སྐབས་བཀའ་བསྩལ་སོང་།
2022-10-05
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ༸སྐུ་སྒེར་གྱི་ངོས་ནས་ཚན་རིག་པ་Anton Zeilinger ལགས་སུ་ཡིག་ཐོག་ནས་དམིགས་བསལ་གྱི་ཟུར་དུ་འཚམས་འདྲིའི་བཀའ་ཡིག་ཞིག་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2022-10-04
ལོ་ངོ་ཉི་ཤུ་རྩ་ལྔའི་གོང་ བྱ་དོར་བོད་ཀྱི་ལས་དབང་ ཟེར་བའི་དཔེ་དེབ་བརྩོམ་པ་པོ་རྒྱ་རིགས་ཝང་ལི་ཤུན་གྱིས་མ་འོངས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་འགྱུར་རྒྱུའི་རྟོག་སྒྲུང་ཞིག་བྲིས་གནང་ཡོད།
2022-10-04
ཚེས་༤ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཆིག་ཁྲི་བརྒྱད་སྟོང་སུམ་བརྒྱ་བརྒལ་འདུག
2022-10-04
བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་ཀྱི་མཐུན་རྐྱེན་སོགས་ཡག་པོ་ཡོད་སྟབས་བོད་མི་ཚོས་བེད་སྤྱོད་གང་མང་གནང་དགོས་པ་བདེ་ལེགས་སྨན་ཁང་གི་འགན་འཛིན་གྱིས་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་མཛད་སྒོར་གསུངས་སོང་།
2022-10-04
ཏོག་དབྱིབས་ནད་ཡམས་སོགས་འཕྲལ་གྱི་རྐྱེན་ངན་འཕྲད་པའི་སྐབས་ཚང་མ་སེམས་མ་ཞུམ་པར་གནས་རྒྱུ་གལ་ཆེ་བ་དང་རྒྱ་ནག་གཞུང་གིས་བོད་རྒྱ་ཆེ་མི་མང་གི་ལྟ་བ་དང་སྤྱོད་པ་གཏན་ནས་བསྒྱུར་མི་ཐུབ་ཅེས་༧གོང་ས་མཆོག་གིས་བཀའ་བསྩལ་ཡོད་པ་རེད།
2022-10-03
ཚེས་༣ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༣འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཆིག་ཁྲི་བརྒྱད་སྟོང་ཉིས་བརྒྱ་བརྒལ་འདུག
2022-10-03
ཕྱི་དྲིལ་བཀའ་བློན་དབུ་བཞུགས་ཐོག་ཡོ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་མི་ལན་དུ་ཡོ་རོབ་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་འདུག
2022-10-03
ལྷག་ཏུ་དོན་དམ་གྱིས་ནང་སེམས་ཞི་བདེ་ཡོང་བར་བྱམས་བརྩེ་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་ནས་འགྲོ་དགོས། ནང་སེམས་ཞི་བདེ་ཡོད་ན། ལུས་པོའི་འཕྲོད་བསྟེན་ཡག་པོ་ཡོང་རྒྱུ་ཙམ་མ་ཟད། བདེ་སྐྱིད་ལྡན་པའི་འགྲོ་བ་མིའི་སྤྱི་ཚིགས་ཤིག་ཀྱང་བསྐྲུན་ཐུབ་ཞེས་བཀའ་སྩལ་གནང་སོང་།
2022-10-01
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་ཧྲིལ་བོ་༧༣འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་ཉིན། བཞུགས་སྒར་རྡ་རམ་ས་ལ་དང་སྒང་ཏོག་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
2022-10-01
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་གྱི་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཉིན་གྲངས་གསུམ་རིང་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་འདུག