གསར་འགྱུར་ཡིག་ཚགས།
2022-06-20
ཕྱི་ཚེས་༢༤ ཉིན་བརྟན་བཞུགས་དངོས་གཞི་རྒྱ་གར་གྱི་སྔ་དྲོའི་ཕྱག་ཚོད་བརྒྱད་པ་ནས་དགུ་པ་བར་ཡིན་པ་དང་ལས་རིམ་ཡོངས་རྫོགས་ཐད་སྲིང་གནང་རྒྱུ་རེད་འདུག
2022-06-20
ཐེ་ཝན་ནང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་སྐབས་ཐེ་ཝན་གཞུང་གི་དཔོན་རིགས་དང་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་སོགས་དམིགས་བསལ་ཆེད་ཕེབས་གནང་ཡོད་པ།
2022-06-20
གུ་རུ་ཀུལ་ལས་རིམ་འདི་ནི་ད་ལྟ་ཐེངས་མ་༢༦པ་དེ་ཆགས་ཀྱི་ཡོད་པ་དང་། ཟླ་བ་གཅིག་རིང་གི་ལས་རིམ་དེར་རྒྱ་གར་སློབ་ཕྲུག་ཚོ་བོད་མིའི་སྒྲིག་འཛུགས་དང་དཔེ་མཛོད་ཁང་། ནོར་བུ་གླིང་ག་སོགས་ལ་ཁྲིད་གནང་ཡོད་པ་རེད།
2022-06-19
སྲིད་སྐྱོང་མཆོག་གིས་ཁུལ་དེའི་བོད་པའི་གཞོན་སྐྱེས་དང་ན་གཞོན་ཆེད་ལས་པ་ཚོའི་མཉམ་དུ་གླེང་མོལ་དང་བཀའ་སློབ་གནང་སྐབས། རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་བྱེད་བཞིན་པ་དེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་བཟོ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་པ།
2022-06-19
བོད་མི་ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ནང་གི་དངོས་ཡོད་གནས་ཚུལ་དང་འབྲེལ་བའི་རྩོམ་ཡིག་བྲིས་རྐྱེན། སྔར་ལོའི་ཕྱི་ཟླ་༡༠པའི་ཟླ་མཇུག་ཙམ་ནང་འཛིན་བཟུང་གིས། འདི་ལོའི་ཕྱི་ཟླ༦པའི་ཚེས་༡༣དང་༡༤ཉིན་གང་རུང་ཞིག་ལ་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་ཟེར་བའི་ཉེས་མིང་འོག་ལོ་བཞི་དང་ཟླ་བ་ལྔའི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ།
2022-06-19
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཀྱི་གྲོས་ཆོད་བཞག་པ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་རིས་མེད་ཆོས་རྒྱུད་ཁག་གི་མཁན་པོ་དགེ་བཤེས་དང་སློབ་དཔོན་སོགས་ལྷན་བཞུགས་ཀྱིས་འདུལ་བ་ཕུད་པའིགཞུང་ཆེན་ཀ་པོད་ལྔའི་ཐོག་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པ།
2022-06-18
རྒྱ་ནག་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཞུས་ཀྲི་ཡུངXu་Zhiyongགཙོས་པའི་དམངས་གཙོ་དོན་གཉེར་བ་མི་སྣ་ཁག་ཅིག་ལ་མ་ཉེས་ཁ་གཡོག་གིས་ཁྲིམས་ཐོག་ཉེས་འཛུགས་བྱས་ཡོད་པ་ཁོང་གི་ཁྲིམས་རྩོད་པས་གསུངས་འདུག
2022-06-18
དཔལ་ཇོ་ནང་པའི་ཆོས་བརྒྱུད་འདིས་དུས་ཀྱི་འཁོར་ལོའི་སྦྱོར་བ་དྲུག་གི་ཉམས་བཞེས་དམིགས་བསལ་བ་ཉམས་མེད་རྒྱུན་འཛིན་བྱས་པ་ལ་བརྟེན། ཆོས་བརྒྱུད་འདི་དང་དུས་འཁོར་དབར་ཐུན་མིན་གྱི་འབྲེལ་བ་ཞིག་ཡོད་སྐོར་གསུངས་གནང་བྱུང་།
2022-06-17
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་དབུ་བཞུགས་ཐོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་དབུ་འཛུགས་གནང་གཏན་འཁེལ་འདུག
2022-06-17
ཐེ་ཝན་དང་ཨ་རི། Germany དང་རྒྱ་གར་བཅས་ཀྱི་དཔོན་རིགས་མཉམ་འཛོམས་ཐོག་ཐེ་ཝན་གྱིི་རྒྱལ་ས་ཐཡེ་པེ་རུ་ཕྱི་ཟླ་ ༦ ཚེས་ ༡༧་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་༨༧་ཕེབས་པའི་སྐུའི་འཁྲུངས་སྐར་སྔ་སྣུར་གནང་སྟེ་སྲུང་བརྩི་ཞུས་ཡོད་པ་རེད།
2022-06-17
སྤྱི་ནོར་གོང་སསྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་བོད་ལ་ནང་ཆོས་ཀྱི་མཚོན་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་མི་རབས་རྗེས་མ་རྣམས་ཀྱིས་ཉམས་མེད་རྒྱུད་འཛིན་གྱིས་དར་སྤེལ་དགོས་པ་བཀའ་གནང་འདུག
2022-06-17
ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། འགྲིག་འཇགས་བྱུང་བའི་ལ་དྭགས་ས་གནས་ཕུད་པའི་གཞན་ས་གནས་ཁག་༦ དང་ལྷན་དུ་དཀའ་ངལ་འགྲིག་འཇགས་དང་འབྲེལ་བའི་དམིགས་བསལ་གན་རྒྱ་རིགས་ད་ལྟའི་ཆར་བཞག་མེད་པ་འགྲེལ་བརྗོད་གནང་གི་འདུག
2022-06-16
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་ཀྱི་ལས་དོན་མུ་མཐུད་དུ་སྤེལ་བཞིན་ཡོད་པ་བཀོད་འདུག
2022-06-16
རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་ཡོད་པའི་དཔལ་ས་སྐྱའི་བཙུན་མའི་བཤད་གྲྭའི་བསླབ་པ་མཐར་སོན་པའི་བཙུན་མ་གསུམ་ལ་མཁན་མོའི་མཚན་གནས་སྩལ་ཡོད་འདུག
2022-06-16
ད་རེས་དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་གི་སྤྱི་ཁབ་དྲུང་ཆེ་རྣམ་པ་ལྷན་འཛོམས་ཐོག་ཚོགས་འདུ་གལ་ཆེ་ཞིག་ཚོགས་ཀྱི་ཡོད་པར་བརྟེན། དེའི་ཆེད་དུ་གཙོ་བོ་དམིགས་ཏེ་སྲིད་བློན་མོ་དྷི་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སྲིད་བློན་མཆོག་རྡ་རམ་ས་ལར་ཕེབས་པ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་མཇལ་འཕྲད་ཀྱི་མཛད་འཆར་རིགས་མེད་ཀྱང་། རིང་མིན་༸གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་སྐབས་སྲིད་བློན་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་འདུག