གཞོན་ནུ་ལྷན་ཚོགས་ནས་དེ་སྔ་གཞོན་ནུའི་ཚོགས་ཁོངས་ནས་ཐོན་པའི་ས་གནས་ཁག་བདུན་གྱི་དཀའ་ངལ་འགྲིག་འཇགས་བྱུང་ཡོད་འདུག

2022.06.17
གཞོན་ནུ་ལྷན་ཚོགས་ནས་དེ་སྔ་གཞོན་ནུའི་ཚོགས་ཁོངས་ནས་ཐོན་པའི་ས་གནས་ཁག་བདུན་གྱི་དཀའ་ངལ་འགྲིག་འཇགས་བྱུང་ཡོད་འདུག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།
Photo: RFA

ཕྱི་ལོ་༢༠༡༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས། ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མ་མཐུན་པའི་རྐྱེན་གྱིས། ས་གནས་གཞོན་ནུ་ཁག་བརྒྱད་སྟེ། སྤེལ་ཀོབ་ས་གནས་གཞོན་ནུ་དང་་། ཧོན་སུར། ཀོ་ལི་གྷལ། མོན་གྷོ། སྤེང་ལོར། སྤོན་ཌོ། ཌལ་ཧོར། དེ་བཞིན་ལ་དྭགས་ས་གནས་གཞོན་ནུ་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ནས་ཕྱིར་ཐོན་བྱས་ཏེ་ལོ་ངོ་དགུའི་རྗེས་སུ་ཀོ་ལི་གྷལ་ས་གནས་གཞོན་ནུ་ཕུད་པའི་གཞན་ས་གནས་གཞོན་ནུ་ཁག་༧ གྱི་དཀའ་ངལ་འགྲིག་འཇགས་བྱུང་སྟེ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཕྱིར་འཛུལ་ཞུགས་བྱས་ཡོད་པ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་འདི་ཚེས་༡༧ ཉིན་གསལ་འགོད་གསལ་བསྒྲགས་ཤིག་གི་ཐོག་གསུངས་གནང་ཡོད་པའི་སྐོར་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱི་གནས་ཚུལ་གསན་རོགས་གནང་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎