གསར་འགྱུར་ཡིག་ཚགས།
2022-06-16
ཉེ་བའི་ཟླ་དྲུག་ཙམ་གྱི་སྔོན་ལ་སི་ཁྲོན་ཞིང་ཆེན་ཉེན་རྟོག་པས་རྫ་སེལ་ཤུལ་རྫོང་འབུམ་རྙིང་སྡེ་བ་ནས་ཡིན་པའི་བོད་མི་ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས། གློ་བུར་རྒྱུ་མཚན་སོགས་གསལ་ཁ་གང་ཡང་མེད་པར་འཛིན་བཟུང་གིས་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་པ། ད་ལྟའི་ཆར་ནང་མི་ཚོས་འབྲེལ་ཡོད་རེ་བརྒྱུད་ནས་ཁོང་ལ་བཙོན་མཇུག་ཁྲིམས་ཐག་གཅོད་གྲབས་ཡོད་པ་གོ་ཐོས་ཙམ་ལས། གཞན་ཁོང་བཙོན་ཁང་དུ་ཡོད་དང་བཀག་སྐྱིལ་ཁང་དུ་ཡོད་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་སྐོར། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
2022-06-16
བོད་ཀྱི་ཟློས་གར་ཚོགས་པའི་བྲོ་བ་ནང་ཁུལ་གྱི་རྔོན་པ་དང་རྒྱ་ལི་རུ་ཁག་གཉིས་ཀས། བོད་ཀྱི་དབུས་གཙང་དང་མདོ་སྟོད་སྨད་ནས་སྟོང་ལ་ཉེ་བའི་སྲོལ་རྒྱུན་གླུ་བྲོ་དང་། གཏམ་བརྗོད་སོགས་འཁྲབ་སྟོན་འགྲན་བསྡུར་རིམ་པར་བྱས་པ་བརྒྱུད། འདི་ལོའི་འགྲན་བསྡུར་གྱི་རྒྱལ་ཁ་རྔོན་པ་རུ་ཁག་ལ་ཐོབ་པ་ཡོངས་བསྒྲགས་གནང་སོང་།
2022-06-15
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང།འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་གནང་འདུག
2022-06-15
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་སྩལ་བའི་གསུང་འཕྲིན་གྱི་ནང་དཔལ་ཇོ་ནང་པའི་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་ཚུལ་བཞིན་བྱེད་དགོས་པ་བཀའ་གནང་འདུག
2022-06-15
ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གཉིས་ལ་དྭགས་དང་བོད་ཀྱི་ས་མཚམས་དབྱེ་འབྱེད་དང་ཡང་དོན་རྩ་ཁ་ཤས་ཀྱི་ཐོག་བཞག་པའི་ཆིངས་ཡིག་ལ་གཏིང་མོ་སྒང་གི་ཆིངས་ཡིག་ཅེས་ཞུས་སྲོལ་ཡོད་པ་ཞིག་རེད་འདུག
2022-06-14
འབར་ཁམས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་ཉེ་འཁོར་བོད་མི་ཚོ་རོགས་སྐྱོར་བྱེད་པར་ཡོང་རྒྱུ་རྒྱ་ནག་གི་རོགས་སྐྱོར་ཚན་པས་བཀག་འགོག་བྱེད་བཞིན་ཡོད་འདུག
2022-06-14
བཀའ་ཟུར་ཀིརྟི་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་སྐབས་ཁོང་གིས་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུ་བཞེས་རྒྱུའི་གོ་སྟོན་ལ་གྲ་སྒྲིག་བྱ་རན་ཡོད་པ་གསུངས་འདུག
2022-06-14
ཨ་རི་དང་རྒྱ་ནག་གི་མཐོ་རིམ་བདེ་འཇགས་དཔོན་རིགས་བར་ཐེ་ཝན་དང་དེ་མིན་རྣོ་ངར་ཆེ་བའི་གནད་དོན་མང་དག་ཞིག་གི་ཐོག་སྦ་གསང་མེད་པར་གྲོས་མོལ་ལྷུག་པོ་བྱུང་ཡོད་པ་གསལ་བསྒྲགས་བྱས་འདུག
2022-06-14
༧གོང་ས་མཆོག་གིས་འཕགས་པ་སྤྱན་རས་གཟིགས་དང་བོད་མི་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྩལ་སྐབས་བཀའ་གནང་ཡོད་པ་རེད།
2022-06-14
དེ་སྔོན་རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་སོག་ཡུལ་དུ་ཕྱི་ལོ་༢༠༡༥ལོར་ཕེབས་ཏེ་ཡུལ་གཉིས་ཀྱི་དབར་འབྲེལ་ལམ་དམ་གཟབ་བྱུང་ཡོད་པ་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རན་རི་ཇུ་ཇུ་མཆོག་གིས་འགྲེལ་བརྗོད་གནང་འདུག
2022-06-13
རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་ས་འགུལ་རྒྱབ་རྗེས་ཚོ་བདུན་དགོན་གྲོང་གཉིས་ཀྱི་ཁང་པ་མང་པོར་གཏོར་སྐྱོན་ཐེབས་ནས་སྡོད་གནས་མེད་པར་གྱུར་ཀྱང་ཉིན་གྲངས་གསུམ་རིང་རོགས་སྐྱོར་མི་སྣ་འབྱོར་མི་འདུག
2022-06-13
རྒྱ་ནག་གཞུང་གིས་བོད་ནང་གང་སར་སྤྱི་གླིང་འཛུགས་བསྐྲུན་བྱེད་བཞིན་པ་དེས་བོད་མཐོ་སྒང་སྤྱིའི་ཁོར་ཡུག་ཉམས་ཆག་གཏོང་བཞིན་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་།
2022-06-13
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ལུགས་ལ་དད་པ་མེད་མཁན་མང་པོ་ཞིག་ནས་དེང་སྐབས་ནང་པའི་གཞུང་ལུགས་ནང་གསུངས་པའི་ལྟ་གྲུབ་དང་དམིགས་བསལ་གྱི་སེམས་ཁམས་རིག་པའི་རྣམ་གཞག་སོགས་ལ་དོ་སྣང་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་བ།
2022-06-11
སོག་རིགས་དང་ལྷོ་ཀོ་རི་ཡའི་དད་ལྡན་པ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་མཇལ་ནས་སེམས་ནང་འགྱུར་བ་ཆེན་པོ་ཐེབས་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག
2022-06-10
རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་དྲུག་ཡོད་པའི་ས་འགུལ་རྒྱབ་རྗེས་ཁང་པ་མི་ཉུང་བར་གཏོར་སྐྱོན་ཐེབས་འདུག་ཀྱང་མི་སྣ་ཤི་རྨས་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ད་དུང་གསལ་བོ་མི་འདུག