བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་གནང་འདུག

2022.06.15
བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་སྐབས། ༠༦།༡༥།༢༠༢༢
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༦ ཚེས་༡༥་ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་། འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་གནང་ཡོད་པ་དང་། ལས་འཆར་དེ་ནི་༢༠༢༡ ནས་ ༢༠༢༦ བར་གྱི་ལས་འཆར་ཞིག་ཡིན་འདུག ལས་འཆར་དབུ་འབྱེད་སྐབས་སྲིད་སྐྱོང་དང་ལྷན་དུ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་ནང་ཡོད་པའི་ཨ་མི་རི་ཀའི་རོགས་ཚོགས་ཀྱི་འགན་འཛིན་ལས་ཚབ་ལྕམ་(Karen Klimowski)་ལགས་དང་ལས་བྱེད་ཁག་ཅིག་ཕེབས་ཡོད་པ་རེད།

CTA Capacity Building and Sustainability Initiative (2).jpg
དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེའི་ལས་ཚབ་ལེགས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། ད་ཐེངས་ཀྱི་ལས་འཆར་དེ་མ་འོངས་ལོ་ལྔའི་ལས་འཆར་ཡིན་པ་དང་། གཙོ་བོ་ལས་བྱེད་དང་སྒྲིག་འཛུགས་ཀྱི་ནུས་སྟོབས་གོང་འཕེལ་བཏང་ནས་འཛིན་སྐྱོང་སྲ་བརྟན་གཏོང་ཆེད་རེད། དེ་བཞིན་མི་མང་གི་ནུས་སྟོབས་གོང་འཕེལ་བཏང་ནས་གཞུང་ལ་སྲིད་ཇུས་ནང་ཆ་ཤས་ལེན་སྟངས། བཙན་བྱོལ་བོད་མིའི་སྤྱི་ཚོགས་འཐབ་བྱུས་ལྡན་པའི་སྒོ་ནས་ཕྱི་གསལ་ནང་གསལ་གྱིས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་བཅས་ཡིན་པ་རེད། ལས་འཆར་དབུ་འབྱེད་གནང་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་ལས་འཆར་གྱི་འགན་འཛིན་ལྷན་ཚོགས་ཀྱི་ངོས་ནས་ལོ་རེར་ཐེངས་གཉིས་ཚོགས་རྒྱུའི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་ཡོད་པ་དང་། དེའི་སློབ་སྟོན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ་ཡིན་པ་དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (National Democratic Institute)་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གཉིས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་ལས་འཆར་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ཡིན་པ་སོགས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎