གསར་འགྱུར་ཡིག་ཚགས།
2023-04-14
ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་ཁག་ཅིག་གིས་བཞུགས་སྒར་རྡ་རམ་སཱ་ལར་གཟིགས་སྐོར་དང་མཉམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད་འདུག
2023-04-14
རྒྱ་ནག་གཞུང་གིས་འདས་བའི་ལོ་གསུམ་ནང་རྒྱ་བསྒྱུར་སློབ་གསོ་ཞེས་པའི་ལས་འགུལ་འོག་བོད་ནང་གི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་པའི་ཁྲོད་སློབ་གྲྭ་དྲུག་གི་མིང་དངོས་སུ་ཤེས་རྟོགས་བྱུང་ཡོད།
2023-04-14
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྡི་ལི་ནས་གསར་འགོད་པ་ཚོར་ད་རེས་༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་གསུང་འདུག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག
2023-04-13
རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མཐའ་མཚམས་ས་གནས་ཁག་བཅུ་གཅིག་བདག་དབང་ཡོད་ཚུལ་གྱི་མིང་འདོགས་བྱས་བར་ཁུལ་དེའི་བཙན་བྱོལ་བོད་མི་ཚོས་ངོ་རྒོལ་བྱས་འདུག
2023-04-13
རྒྱ་ནག་གཞུང་འབྲེལ་གྱི་ཆབ་སྲིད་དྲིལ་བསྒྲགས་སློབ་གསོ་དེ་དག་གིས་བོད་མི་ཚོའི་བསམ་བློ་ལ་བཅོས་བསྒྱུར་གང་ཡང་གཏོང་ཐུབ་ཀྱི་མེད་པ་ཉམས་ཞིབ་པས་བརྗོད་བྱུང་།
2023-04-13
ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དར་སྤེལ་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་སྐྱབས་རྗེ་བླ་མ་༧ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་འདུག
2023-04-13
སྤྱི་ཟླ་༢ པའི་ཚེས་༢༨ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རཱའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སློབ་ཕྲུག་༡༢༠ ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་རྗེས།
2023-04-12
ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་བ་དྲུག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་མི་ངལ་རྩོལ་བར་བཤུ་གཞོག་ཚབས་ཆེ་གཏོང་བཞིན་པར་བློ་ཚབས་བཅས་རྒྱ་ནག་གཞུང་ལ་དྲི་བཏང་འདུག
2023-04-12
རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གིས་ཆེས་ཐོག་མའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གོ་སྒྲིག་གནང་འཆར་འདུག
2023-04-12
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གི་ཁམས་ཀ་ཿཐོག་གཞིས་ཆགས་ཀྱི་དགོན་གྲོང་གཉིས་ཀའི་ངོས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
2023-04-12
དེ་རིང་༸གོང་ས་མཆོག་དང་ལྷན་དུ་དུས་ཡུན་སྐར་མ་ ༡༥ ཙམ་མཇལ་རྒྱུ་བྱུང་བ་དེ་ནི་རང་རྒྱུད་ལ་ཆེས་དཔག་དཀའ་བའི་ཡོན་ཏན་འབྱུང་གཞི་ཞིག་རེད་འདུག ཚང་མས་དེ་ལྟར་ངོས་འཛིན་གནང་དགོས་ཞེས་འགྲེལ་བརྗོད་གནང་བྱུང་།
2023-04-11
༧གོང་ས་མཆོག་གིས་རྒྱ་གར་བའི་ཕྲུ་གུ་ཞིག་ལ་སྐུ་རྩེད་གནང་པའི་བརྙན་ཐུང་ཞིག་གང་སར་ཁྱབ་བཞིན་པར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནད་དོན་དེས་སེམས་ལ་མི་བདེ་བའི་དོ་ཕོག་བྱུང་ཡོད་ཚེ་དེར་དགོངས་སེལ་ཞུ་ཡི་ཡོད་པ་གསལ་བཤད་གནང་འདུག
2023-04-11
ཧྥ་རན་སིའི་སྲིད་འཛིན་གྱི་ཐེ་ཝན་ཐད་ཀྱི་ལངས་ཕྱོགས་སྨྲ་བརྗོད་ལ་རྒྱལ་ཁབ་བཅོ་ལྔའི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱིས་སྐྱོན་བརྗོད་དང་མཉམ་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་ཡོ་རོབ་ཀྱི་སྐུ་ཚབ་མིན་ཞེས་བསྒྲགས་གཏམ་སྤེལ་འདུག
2023-04-11
རྒྱ་ནག་གཞུང་གིས་ཐེ་ཝན་དང་བོད་ཀྱི་གནད་དོན་ཐད་ལངས་ཕྱོགས་དང་རྣམ་འགྱུར་མཁྲེགས་པོ་འཛིན་བཞིན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཇིགས་སྣང་བསླང་གི་ཡོད་པས་མཇུག་འབྲས་ཡག་པོ་ཡོང་གི་མ་རེད་ཅེས་སྲིད་དོན་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
2023-04-11
བྲག་མགོ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཏུང་ཧྲིན་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ནས་འཕོ་འགྱུར་བཏང་ཡོད་འདུག