གསར་འགྱུར་ཡིག་ཚགས།
2022-04-09
ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་སུ་དམིགས་ཏེ་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ།
2022-04-08
རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་བཙན་གནོན་བྱེད་བཞིན་པ་འགོག་ཐབས་སུ་དམིགས་ཏེ་ཨ་རིའི་གྲོས་ཚོགས་ནང་ཡུ་གུར་གནད་དོན་ཁྲིམས་འཆར་ཞིག་བཏོན་འདུག
2022-04-08
༢༠༢༢ ལོའི་ཇེ་ནི་ཝའི་ལྷན་ཚོགས་སམ་ Geneva Summit གྱིས་ཇེ་ནི་ཝའི་སྙིང་སྟོབས་ཀྱི་གཟེངས་རྟགས་དེ་ཨ་རིའི་སིལ་པོལ་རྩེད་འགྲན་པ་ Enes Kanter Freedom ལགས་སུ་ཕུལ་བ།
2022-04-08
ར་ཤེ་ཡས་ཡུཀ་རེན་ནང་དྲག་པོའི་བཙན་འཛུལ་བྱས་པའི་ཉེར་ལེན་གྱིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་བྱས་པའི་རྗེས་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་རྒྱ་ནག་སོགས་ལ་བརྡ་ལན་ཤུགས་ཆེ་བཏང་བར་ངོས་འཛིན་བྱེད་མཁན་འདུག
2022-04-08
ཐེངས་འདིར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་སྣེ་འཁྲིད་པའི་སྤྱི་འཐུས་རྣམ་པས་རྒྱ་གར་སྔོན་རྩིས་ཀྱི་གྲོས་ཚོགས་འཚོགས་པའི་སྐབས་དང་བསྟུན་རྒྱ་གར་གྲོས་ཚོགས་གོང་འོག །དེ་བཞིན་ཆབ་སྲིད་ཚོགས་པ་ཁག །བློན་ཆེན་ཁག་གིས་གཙོས་གནད་ཡོད་དཔོན་རིགས་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་ཞུ་སྐུལ་གནང་ཡོད་འདུག
2022-04-07
རྒྱ་ནག་གཞུང་གིས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་ཡུ་གུར་མི་རིགས་ཀྱི་གསར་འགོད་པ་གྲགས་ཅན་ཞིག་ལ་གསང་སྟབས་ཀྱིས་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་འདུག
2022-04-07
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་བདུན་ཕྲག་རྗེས་མར་ཐེ་ཝན་ནང་མཚམས་གཟིགས་ཕེབས་སྲིད་པར་རྒྱ་ནག་གིས་སེམས་ཚབས་དང་སྐྱོན་བརྗོད་བྱས་འདུག
2022-04-07
༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ཆོལ་ཁ་གསུམ་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཟེར་བ་དེ་ཆབ་སྲིད་དང་འཛིན་སྐྱོང་གཅིག་པོ་མིན་པར་འཛམ་བུ་གླིང་ལ་ངོམ་ཆོག་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་པ་བཀའ་སློབ་བསྩལ་འདུག
2022-04-06
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་སྟངས་འཛིན་བྱེད་བཞིན་པའི་བྱ་སྤྱོད་ལ་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་སྐྱོན་བརྗོད་བྱས་འདུག
2022-04-06
བོད་མི་མང་པོ་འདུས་སྡོད་བྱ་ཡུལ་ཟི་ལིང་གྲོང་ཁྱེར་ནང་ཕྱི་ཚེས་༦ཉིན་ཡང་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པའི་ནད་པ་གསུམ་ཐོན་འདུག
2022-04-06
རྒྱ་ནག་གཞུང་གིས་བོད་ཀྱི་སྐྱིང་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུ་བར་མེ་འཁོར་ལྕགས་ལམ་གསར་བསྐྲུན་ཟེར་བ་ནི་རྒྱ་ནག་རང་གི་ཁེ་ཕན་ལ་དམིགས་ཡོད་པ་བལ་ཡུལ་གྱི་གནད་དོན་དབྱེ་ཞིབ་པས་གསུངས་བྱུང་།
2022-04-06
བཞུགས་སྒར་དུ་བོད་ཀྱི་ཞོ་སྟོན་ཐེངས་༢༥འགོ་འཛུགས་གནང་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལྷ་མོ་ཚོགས་པ་ཚོར་བསྔགས་བརྗོད་དང་མཐུན་འགྱུར་གང་ཐུབ་གནང་ངེས་ཡིན་པ་གསུངས་སོང་།
2022-04-05
རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཧྲང་ཧེ་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེ་བྱུང་ནས་ད་ལྟའི་ཆར་སྲིད་གཞུང་གིས་མི་གྲངས་ས་ཡ་༢༦ལྷག་རང་ཁྱིམ་དུ་བཀག་སྡོམ་བྱེད་བཞིན་ཡོད་འདུག
2022-04-05
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་བར་ཁ་པར་ཐོག་གླེང་མོལ་གནང་སྐབས་རྒྱ་ནག་གིས་གྲོས་མོལ་བརྒྱུད་ནས་ཡུཀ་རེན་གྱི་འགལ་ཟླ་ཐག་གཅོད་བྱེད་དགོས་ཚུལ་བསྐྱར་དུ་འབོད་སྐུལ་བྱས་འདུག
2022-04-05
ད་ལྟའི་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་དེ་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་གྲ་སྒྲིག་གནང་མུས་ཡིན་པ་སྲིད་སྐྱོང་མཆོག་གིས་དམིགས་བསལ་བཅར་འདྲིའི་སྐབས་གསུངས་བྱུང་།