རྒྱ་ནག་གིས་ཡུཀ་རེན་གྱི་དཀའ་རྙོག་གྲོས་མོལ་བརྒྱུད་ནས་ཐག་གཅོད་དགོས་བ་བརྗོད་འདུག

2022.04.05
རྒྱ་ནག་གིས་ཡུཀ་རེན་གྱི་དཀའ་རྙོག་གྲོས་མོལ་བརྒྱུད་ནས་ཐག་གཅོད་དགོས་བ་བརྗོད་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་(Dmytro Kuleba)་གཉིས།
AFP / REUTERS

དེ་ཡང་རོའུ་ཊར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༤རེས་གཟའ་ཟླ་བའི་ཉིན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་(Dmytro Kuleba)་གཉིས་བར་ཁ་པར་ཐོག་གླེང་མོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གྲོས་མོལ་གྱི་ལམ་ནས་ཡུཀ་རེན་གྱི་འགལ་ཟླ་དེ་ཐག་གཅོད་བྱེད་དགོས་ཚུལ་བསྐྱར་དུ་འབོད་སྐུལ་ཞུས་ཡོད་པ་དང་། ཡུཀ་རེན་གྱི་ཕྱི་སྲིད་ལས་ཁུངས་ནས་བརྗོད་ན། ཐེངས་འདིའི་བློན་ཆེན་རྣམ་གཉིས་ཀྱི་གླེང་མོལ་ནི་ཡུཀ་རེན་གྱི་ཕྱོགས་ནས་དགོས་འདུན་བཏོན་པ་ཞིག་དང་། དེ་ནི་ཉེ་སྔོན་གྱི་ཕྱི་༣པའི་ཚེས་༡ཉིན་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་གིས་ར་ཤེ་ཡ་དང་འབྲེལ་ལམ་ཡག་པོ་ཡོད་པ་དེ་བེད་སྤྱོད་ཀྱིས་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱེད་བཞིན་པ་མཚམས་འཇོག་བྱེད་དུ་འཇུག་དགོས་པའི་དགོས་འདུན་བཏོན་པའི་རྗེས་སུ། རྒྱ་ནག་དང་ཡུཀ་རེན་བར་གྱི་མཐོ་རིམ་དཔོན་རིགས་བར་གླེང་མོལ་བྱས་བ་ཐོག་མ་དེ་ཡིན་འདུག
དམག་འཐབ་ནི་མཐར་ཐུག་མཇུག་སྒྲིལ་ངེས་རེད། གནད་འགག་དེ་ཇི་ལྟར་སྡུག་བསྔལ་འདིའི་ཐད་བསྐྱར་ཞིབ་བྱས་ཏེ། ཡོ་རོབ་ཀྱི་བདེ་འཇགས་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་ཐད་། བཏང་སྙོམས་དང་ཕན་ནུས་ལྡན་པའི་ཡོ་རོབ་བདེ་འཇགས་མ་ལག་གསར་འཛུགས་དགོས་ཚུལ་ཝང་ཡེས་ཀྱིས་བརྗོད་དེ། རྒྱ་ནག་གིས་བཏང་སྙོམས་ཀྱི་ལངས་ཕྱོགས་བཟུང་ནས་དགེ་མཚན་ལྡན་པའི་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།
ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་(Kuleba)་ནས་ཊི་ཝི་ཊར་དྲ་ལམ་དུ། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ནས་མི་སེར་དཀྱུས་མ་གནོད་འཚེ་ཕོག་མཁན་ཚོར་རྒྱབ་རོགས་ཀྱི་སྐད་སྒྲ་བཏོན་པར་བཀའ་དྲིན་ཞུ་ཞོར། ང་ཚོ་ཕྱོགས་གཉིས་ནས་ཡུཀ་རེན་གྱི་དམག་འཐབ་མཇུག་སྒྲིལ་ནས་ཞི་བདེ་ཡོང་བར་ཡིད་ཆེས་དང་། འཛམ་གླིང་གི་ཟ་འབྲུ་བདེ་འཇགས་དང་རྒྱལ་སྤྱིའི་ཚོང་ལས་ཐད་ཐུན་མོང་ལ་ཁེ་ཕན་ཡོད་པ་གསལ་འདོན་བྱས་འདུག
ཉེ་བའི་ལོ་ཤས་ནས་རྒྱ་ནག་དང་ར་ཤེ་ཡའི་བར་གྱི་འབྲེལ་ལམ་གཏིང་ཟབ་ཏུ་ཕྱིན་པ་མ་ཟད། དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཡུཀ་རེན་དང་མཉམ་དུ་འབྲེལ་ལམ་ཡག་པོ་བཙུགས་ཏེ་རྒྱ་ནག་གིས་ཡུཀ་རེན་ནང་ཚོང་ལས་རྒྱ་ཆེན་སྤེལ་བཞིན་ཡོད་པ་རེད།
རྒྱ་ནག་གིས་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱས་བར་སྐྱོན་བརྗོད་ལས་གཡོལ་ཐབས་བྱེད་པ་དང་ཐ་ན་བཙན་འཛུལ་གྱི་ཚིག་དེའང་བེད་སྤྱོད་བྱེད་ཀྱི་མེད་པ་རེད།
ར་ཤེ་ཡས་ད་ལོའི་སྤྱི་ཟླ་༢པའི་ཚེས་༢༤ཉིན་ཡུཀ་རེན་ནང་དམིགས་བསལ་དམག་བསྐྱོད་ལས་འགུལ་ཟེར་བའི་འོག་བཙན་འཛུལ་དམག་འཁྲུག་བསླང་བ་རེད།

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎