གསར་འགྱུར་ཡིག་ཚགས།
2023-05-31
རྒྱ་ནག་གི་ཚན་རིག་པས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པ་དེ་གནས་ཚུལ་འཁྱོག་བཤད་ལ་དམིགས་ཡོད་པ་དང་ཁོར་ཡུག་གཏོར་སྐྱོན་ཐེབས་པ་ཁག་མངོན་གསལ་མེད་པར་བཟོས་ཡོད་པ་བོད་ཀྱི་ཐོབ་ཐང་ཞིབ་འཇུག་ཚོགས་པས་གསལ་སྟོན་བྱས་འདུག
2023-05-31
བོད་ནང་གི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་པའི་ཕྲུ་གུ་ཚོར་ཆུང་དུས་ནས་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་བསླབ་ནས་མུ་མཐུད་དུ་བསམ་བློ་བསྒྱུར་བཅོས་གཏོང་བཞིན་པར་བློ་འཚབ་ཡོད་པའི་གནས་ཚུལ་སྤེལ་འདུག
2023-05-31
བོད་མིའི་སྒྲིག་འཛུགས་ཀྱིས་བྱེས་འབྱོར་བོད་མི་རྣམས་ཀྱི་ཆེད་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་སུ་སྡོད་ཁང་༤༠གསར་རྒྱག་ལེགས་གྲུབ་ཟིན་ནས་དབུ་འབྱེད་བགོ་འགྲེམས་གནང་འདུག
2023-05-31
༸གོང་ས་མཆོག་ནས་ཁོང་གིས་ལོ་མང་དགོངས་པ་བཞེས་ཏེ་དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་གྱི་སྒོ་ནས་བློ་ཡར་རྒྱས་སུ་ཕྱིན་པས། ད་ལྟ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་གང་འཚམས་གདེང་ཚོད་སླེབས་པ་ཞིག་ཆགས་ཡོད་ཅེས་ལམ་སྟོན་ཕེབས་སོང་།
2023-05-30
ཨ་མེ་རི་ཀས་ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་རེས་གཟའ་པ་སངས་ཉིན་སེང་གྷ་ཕོར་ཏུ་འཚོགས་རྒྱུའི་ལོ་འཁོར་བདེ་འཇགས་སྐོར་གྱི་ལྷན་ཚོགས་སྐབས་མཇལ་འཕྲད་གནང་རྒྱུའི་དགོས་འདུན་བཏོན་ཡང་རྒྱ་ནག་གིས་དེ་ངོས་ལེན་བྱས་མེད་པ།
2023-05-30
བོད་མི་ཚོས་མི་བཟང་པོ་ཞིག་བྱས་པ་ཡིན་ན་བོད་གངས་ཅན་ལྗོངས་ཀྱི་མཚན་སྙན་གོང་འཕེལ་ཡོང་བར་ཕན་ཐོགས་ཡོད་ཅེས་བཀའ་གནང་སོང་།
2023-05-30
མི་མང་གི་འཚོ་བརྟེན་གཙོ་གྲས་ལ་ཁེལ་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་མང་ལ་ས་ཆ་ཕྱིར་བསྡུ་ལ་འདོད་མོས་མེད་པའི་རྣམ་འགྱུར་རྩ་ནས་སྟོན་མི་ཆོག་པའི་བཙན་བཀའ་གཏོང་གི་ཡོད་པ།
2023-05-29
བོད་ཀྱི་གསོ་བ་རིག་པའི་གལ་གནད་དང་། དཔྱད་སྒོམ་ཉམས་ལེན་བྱས་པ་དེས་འགྲོ་བ་མིའི་འཕྲོད་བསྟེན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་པ་སོགས་ཀྱི་ཐད་བཀའ་སློབ་ཕེབས་འདུག་པ་མ་ཟད། འདི་ལྟ་བུའི་ལས་གཞི་མུ་མཐུད་ནས་སྤེལ་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་འདུག
2023-05-29
ཊུརྐི་རྒྱལ་ཁབ་ཀྱིས་ཕན་ཚུན་ལྟོས་འབྲེལ་ཤུགས་ཆེར་འགྱུར་བཞིན་པའི་འཛམ་གླིང་དུ། ཞི་བདེ་དང་བརྟན་ལྷིང་ཡོང་བར་ཞབས་འདེགས་གལ་ཆེན་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད་ཅེས། ༧གོང་ས་མཆོག་གིས་ཊུརྐི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་ཨཱར་རྡོ་གྷན་ལགས་སུ་འཚམས་འདྲིའི་གསུང་འཕྲིན་སྩལ་ཡོད་པ།
2023-05-28
ཟླ་བ་འདིའི་ཕྱི་ཚེས་ ༢༠ ནས་ཟླ་ ༦ ཚེས་ ༣ བར་བདུན་ཕྲག་གཉིས་ཙམ་གྱི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ཐེངས་གསུམ་པ་དེ་ཐེ་ལེན་ཌ་དུ་འཚོགས་བཞིན་ཡོད་པ།
2023-05-27
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྟེན་གཞི་བྱས་པའི་ཇར་མ་ནིའི་དགེ་རྩ་ཁང་ཞིག་གི་འགོ་འཛིན་གྱིས་བོད་ནང་གི་གནས་བབས་སྐོར་གཏམ་བཤད་གནང་བ་དེ་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་འགྲེལ་བཤད་ལོག་པ་རྒྱག་འདུག་ཟེར་ཏེ་དགེ་རྩ་ཁང་དེས་ཡོ་བསྲང་ཐེར་འདོན་གྱི་གསལ་བསྒྲགས་གནང་སྟེ། གནས་ཚུལ་ལུང་འདྲེན་བྱེད་མཁན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་སྤེལ་ཁང་ལ་ཕྱིར་སྐྱོན་བརྗོད་བྱས་འདུག
2023-05-27
སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ལ་དོན་དམ་གྱི་རང་སྐྱོང་ཀྱི་གནས་བབ་རྩོད་གླེང་བྱེད་པ་ལས་རང་བཙན་རྩོད་ཀྱི་མེད་སྐོར་ནན་བརྗོད་གནང་འདུག
2023-05-27
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་གཙོ་ལ་གདན་ཞུས་ཀྱིས། བཞུགས་སྒར་ཁུལ་གྱི་སེར་སྐྱ་ཕོ་མོ་གྲྭ་བཙུན་སྔགས་གསུམ་ཞལ་འཛོམས་དང་འབྲེལ། བདུན་ཕྲག་གཅིག་རིང་མ་ཎི་དུང་སྒྲུབ་ཀྱིས་འདི་ཚེས་༢༧ཉིན་མ་ཎིའི་རིལ་བུ་བགོད་འགྲེམས་སྔར་ལམ་བཞིན་གནང་ཡོད་པ།
2023-05-26
ཚང་མས་གང་ཐུབ་གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པ་སྤྱི་ནོར་༧གོང་ས་མཆོག་གིས་སཱ་ར་དང་ཨེ་མོ་རི་སློབ་ཆེན་བར་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་དང་འབྲེལ་ཡོད་དགེ་སློབ་ཚོར་མཇལ་ཁ་སྩལ་སྐབས་བཀའ་བསྩལ་འདུག
2023-05-26
ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྐུ་ཚབ་མགྲོན་འབོད་གནང་སྐབས་ཧྥ་རན་སིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་ཡོང་བའི་འབོད་སྐུལ་ཞུས་འདུག