ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མིའི་སྐུ་ཚབ་བར་མཇལ་མོལ་གནང་འདུག

2023.05.26
ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མིའི་སྐུ་ཚབ་བར་མཇལ་མོལ་གནང་འདུག ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མིའི་སྐུ་ཚབ་ཚོ། ༠༥།༢༤།༢༠༢༣
Bureau du Tibet, Paris

དེ་ཡང་ཟླ་བ་འདིའི་ཚེས་༢༤ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་(Jacqueline Eustache-Brinio)་ལགས་ཀྱིས། ཉེ་ཆར་ཕྱི་ཟླ་བཞི་པའི་ནང་ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་ལས་བསྡོམས་སྙན་སེང་ཞུས་པའི་ཚོགས་འདུ་ཞིག་ གྲོས་ཚོགས་གོང་མའི་དཔེ་མཛོད་ཁང་དུ་ཚོགས་སྐབས། སྦར་ཛིལ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། དེ་བཞིན་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ནང་སྐུ་ཚབ་དོན་གཅོད་ལས་ཁང་གི་འབྲེལ་མཐུད་པ་དང་ལས་བྱེད་ཐུབ་བསྟན་ཚེ་རིང་ལགས་དང་འཇིགས་མེད་རྡོ་རྗེ་ལགས་བཅས་མགྲོན་འབོད་ལྟར་བཅར་གནང་ཡོད་པ་དང་། སྐབས་དེར་བོད་དོན་སྐོར་གླེང་སློང་གནད་བ་མ་ཟད། ཧྥ་རན་སིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་སླད་མཐུན་འགྱུར་དང་འབད་བརྩོན་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་དུང་སྐབས་དེར་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཚོ་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག་ལ། མ་འོངས་པར་མུ་མཐུད་དུ་བོད་མིའི་གཞིས་ཆགས་ཁག་ནང་གཟིགས་སྐོར་ཕེབས་ཐུབ་ན་དགེ་ཕན་ཡོད་སྐོར་སོགས་ཞུས་ཡོད་འདུག
སྦར་ཛིལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁོངས་སུ་ཧྥ་རན་སི་གཙོས་ཉེ་འཁོར་རྒྱལ་ཁབ་བདུན་ཙམ་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎