༧གོང་ས་མཆོག་གི་ལ་དྭགས་ཀྱི་ཆོས་འབྲེལ་ལེགས་གྲུབ།

སེར་སྐྱ་ཕོ་མོ་ཚང་མས་སྤྱིར་སློབ་སྦྱོང་བྱེད་རོཌ་ཟེར་རྒྱུ་དང་། བཀའ་འགྱུར་བསྟན་འགྱུར་དེ་དག་སློབ་དེབ་ཡིན་པར་བརྟེན། ཁྱེད་རང་ཚོས་ལྟ་རོཌ། ལྷག་པར་རབ་བྱུང་ཚོས་ངེས་པར་ལྟ་དགོས་ཞེས་བཀའ་གནང་།

2012.08.09

༄༅།    །དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཚེས་བཅོ་བརྒྱད་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་ཆིབས་བསྒྱུར་གྱིས་ཉིན་ཤས་སྐུ་ངལ་གསོས་གནང་བའི་རྗེས་སུ་ཟངས་དཀར་དང་། ནུབ་ར་ཁུལ།   དེ་ནས་རྒྱལ་ས་སླེ་བཅས་ཀྱི་ནང་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་ཡོད་པ་རེད། ཟླ་བ་འདིའི་ཚེས་བཞི་ནས་བདུན་པར་༧གོང་ས་མཆོག་གིས་གསུངས་ཆོས་བསྩལ་གནང་བའི་ཉིན་མཐའ་མ་སྟེ་ཚེས་བདུན་ཉིན་དད་ལྡན་མང་ཚོགས་འབུམ་ལ་ཉེ་བའི་འདུ་ཚོགས་སུ་སྒྲོལ་དཀར་གྱི་ཚེ་དབང་བསྩལ་གནང་ཡོད་པས་མ་ཟད་ཉིན་དེར་གསུང་ཆོས་གོ་སྒྲིག་ཞུ་མཁན་ལ་དྭགས་ནང་པའི་རིག་གཞུང་ལྷན་ཚོགས་དང་། ལ་དྭགས་དགོན་པའི་མཐུན་ཚོགས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་བཅས་ནས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་ཀྱང་འདེགས་འབུལ་ཞུས་ཡོད་པ་རེད།
ཡང་ཉིན་དེར་༧གོང་ས་མཆོག་གིས་་བཀའ་སློབ་བསྩལ་གནང་བའི་ནང་དོན་སྙིང་པོར། ཚེ་དབང་ཞུས་པ་ཙམ་གྱི་ཚེ་རིང་དུ་འགྲོ་ཡི་ཡོད་པའི་ཁྱབ་པ་མེད་པར་གཙོ་ཆེ་ཤོས་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དཔེར་ན།    ཚེ་ཐུང་དུ་འགྲོ་རྒྱུའི་རྒྱུ་རྐྱེན་ཆང་རག་ཚད་མེད་ལོངས་སུ་སྤྱོད་རྒྱུ་སོགས་བྱ་རྒྱུ་མེད་ལ།    གཞན་གྱི་སྲོག་བཅད་ན་ཚེ་ཐུང་དུ་འགྲོ་ཡི་ཡོད། དེ་འདྲ་ཡིན་དུས་གང་ཐུབ་ཐུབ་ཀྱི་དམར་ཟས་སྤོང་བའམ་ཡང་ན་དམར་ཟས་ཉུང་དུ་གཏོང་ཐབས་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ནང་པའི་ཆོས་ཉམས་ལེན་བྱེད་མཁན་ཡིན་ཟེར་ནས་ཁ་འདོན་བྱེད་པ་ཙམ་གྱིས་འགྲིག་ཐབས་མེད་པར་ནང་ཆོས་ངོ་འཕྲོད་པ་དང་།  སངས་རྒྱས་ཀྱི་གསུང་རྣམས་ཆོས་བཤོམས་ནང་བསྒྲིགས་ནས་བཞག་པ་མ་ཡིན་པར།    དེ་དག་ཀློག་དེབ་ལྟ་བུར་སྦྱང་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་སོགས་གང་ལྟར་ནང་པའི་ཆོས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཉམས་ལེན་དང་སྦྱང་བརྩོན་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་བཀའ་གནང་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎