གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ།

བོད་ཀྱི་ཨ་མདོ་ཁུལ་སྒྲོལ་དཀར་འཚོས་རང་ལུས་མེར་སྲེག་བཏང་བའི་རྗེས་སུ་རྒྱ་ནག་གཞུང་ནས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྒྱུའི་ཉེན་བརྡ་བཏང་འདུག

2012.08.09

༄༅།    །བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་བོད་ཀྱི་ཨ་མདོ་ཀན་ལྷོ་ཁུལ་ཆགས་པའི་གཙོད་དགོན་པའི་ཉེ་འཁྲིས་སུ་སྒྲོལ་དཀར་འཚོས་བོད་ནང་རང་དབང་མི་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕེབས་བཅུག་དགོས་ཟེར་བ་སོགས་ཀྱི་སྐད་འབོད་རྒྱབ་བཞིན་དུ་རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་ལམ་སེང་འདས་གྲོངས་འགྱུར་མེད་པར་བརྟེན།    ཁོ་མོས་དགེ་འདུན་པ་ཚོར་ང་རྒྱ་མིའི་སྡུག་སྦྱོང་འོག་ཤི་བ་ལས་ཁྱེད་ཚོས་ངའི་མགོ་ལ་རྡོ་གཞུ་རོགས་ཟེར་ཞུ་འབོད་བྱས་ཡོད་འདུག འོན་ཀྱང་དུས་ཡུན་གང་མཚམས་ཤིག་ནས་ཁོང་སྐུ་ཚེ་ཟིན་མེད་པ་རེད།
བཙན་བྱོལ་ནང་ཡོད་པའི་ས་གནས་དེའི་ནང་འབྲེལ་བ་ཡོད་མཁན་ཞིག་གིས་ཕ་ཡུལ་དྲ་གནས་ཁང་དུ་འགྲེལ་བརྗོད་བྱས་པ་ལྟར་ན། ཁ་སང་རེས་གཟའ་ལྷག་པའི་ཉིན་ཉེ་འཁྲིས་སུ་ཆགས་པའི་བླ་བྲང་བཀྲིས་འཁྱིལ་གྱི་དགེ་འདུན་པ་མང་པོ་ཞིག་མོ་ཊའི་ནང་ཁོ་མོ་འདས་གྲོངས་གྱུར་ཡུལ་གྱི་གཙོད་དགོན་པར་འགྲོ་བའི་སྐབས་ལམ་ཁར་ས་གནས་རྒྱ་མིའི་ཉེན་རྟོག་པས་ཁོང་ཚོ་ཁྲིམས་འགལ་གྱི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་དང་། གལ་སྲིད་ཁྱེད་ཚོ་ཨུ་ཚུགས་བརྒྱབས་ནས་འགྲོ་བ་ཡིན་ན་མོ་ཊ་གཞུང་བཞེས་གཏོང་གི་ཡིན་ཞེས་ཉེན་བརྡ་བཏང་ནས་བཀག་འགོག་བྱས་ཡོད་འདུག འོན་ཀྱང་དགེ་འདུན་པ་ཚོས་ང་ཚོ་རྐང་ཐང་འགྲོ་ཡི་ཡིན། ད་དུང་ཁྱེད་ཚོས་བཀག་འགོག་བྱས་པ་ཡིན་ན།    ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་རུ་གཏོང་གི་ཡིན་ཞེས་ཕར་ཉེན་བརྡ་བཏང་འདུག    གང་ལྟར་ཕན་ཚུན་རྙོག་དྲ་བྱུང་སྟབས།    ཐ་མ་དགོན་པའི་ལས་སྣེ་ཚོ་ཕེབས་ནས་རེ་འདུན་གནང་བ་ལྟར་དགེ་འདུན་པ་རྣམས་ནས་འགྲུལ་ལམ་སྟེང་བཞུགས་ནས་ཞལ་འདོན་གསུང་འདོན་གནང་ཡོད་འདུག ཡང་གནས་ཚུལ་ནང་གསལ་ལྟར་ན། གཟའ་ལྷག་པའི་ཉིན་རྒྱ་མིའི་ཉེན་རྟོག་པས་གཙོད་དགོན་པའི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་དབང་གིས་སླར་ཡང་དགེ་འདུན་པ་རྣམས་ནས་ཁོང་ཚོ་གློད་བཀྲོལ་གཏོང་དགོས་ལུགས་ཞུ་འབོད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎