བོད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཨིན་ཌུ་ནེ་ཤི་ཡའི་ནང་ཕེབས་ཡོད་པ།
2016.10.01

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་། འདི་ལོ་ཕྱི་ཟླ་ ༩ ཚེས་ ༢༢ ནས་ ༢༩ བར་ཨིན་ཌུ་ནེ་ཤི་ཡའི་གཞུང་གི་འགྲིམ་གྲུལ་ལྷན་ཁང་གིས་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་བཅས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུལ་དེའི་ནང་ཡོད་པའི་ནང་པའི་གནས་ཆེན་ཁག་ཏུ་གནས་གཟིགས་སུ་ཕེབས་པའི་གནད་དོན་སྐོར། ཚོགས་ཆུང་དེའི་དབུ་ཁྲིད་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཨིན་ཌུ་ནེ་ཤི་ཡའི་ཡུལ་འཁོར་སྤྲོ་འཆམ་ལས་ཁུངས་ཀྱི་ལས་བྱེད་པ་སྐུ་ཞབས་ Hardy Chung ལགས་དང་ལྷན་དུ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་ཐད་ཀར་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།