ཚན་རིག་ཐོག་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གནང་བའི་ཕན་ཐོགས་དང་ལེགས་སྐྱེས།
2016.10.22

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། འདས་པའི་ལོ་ཁ་ཤས་ཤིག་གི་ནང་ལ་བོད་ཀྱི་ཚན་རིག་མཐུན་ཚོགས་ནས་དམིགས་བསལ་འགན་འཁུར་བླངས་ཏེ་རྒྱ་གར་ནང་བོད་རིགས་གཞོན་སྐྱེས་རྣམས་ལ་ཚན་རིག་ཐོག་ཟབ་སྦྱོང་གི་ལས་འགུལ་ཞིག་སྤེལ་ཡོད་པ་བཞིན། ཚན་རིག་ཐོག་ནས་ཕན་ཚུན་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གནང་བ་དེའི་ཕན་ཐོགས་དང་ལེགས་སྐྱེས་སོགས་ཀྱི་ཐོག སེ་རའི་ཚན་རིག་སློབ་སྦྱོང་གི་ལས་དོན་ཐད་ཀྱི་འགན་འཛིན་དགེ་བཤེས་ངག་དབང་ནོར་བུ་ལགས་དང༌། དེ་བཞིན་བོད་ཀྱི་ཚན་རིག་མཐུན་ཚོགས་ཐོག་མ་བཙུགས་གནང་མཁན་གྱི་གྲས་ཉི་འབུམ་ལགས་བཅས་རྣམ་གཉིས་དང་ལྷན་དུ། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།